འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་བེད་པུའི་པུའུ་ཀྲང་ཁྲེན་ལེ་ཡིས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གིས"ཆུ་དཔོན་ལམ་ལུགས"
    བཟོས་ཟིན་པས་འདི་ལོ་ཆུ་ལོག་དང་ཞོད་སྐྱོན་ཐོན་ཚད་ན་ནིང་
    ལས་ཅུང་དམའ་རུ་འགྲོ་སྲིད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་8ཉིན་གྱི་ཕྱི་དྲོ་ཆུ་བེད་པུའི་པུའུ་ཀྲང་ཁྲེན་ལེ་ཡིས“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་གི་བགྲོད་ལམ”ཐོག་སྔོན་དཔག་རགས་ཙམ་བྱས་པ་བརྒྱུད་འདི་ལོ་རང་རྒྱལ་དུ་ལྷོ་ཞོད་བྱང་ཐན་གྱི་སྣང་ཚུལ་མངོན་སྲིད་པ་དང་། སྤྱིའི་ཆ་ནས་བལྟས་ན། ཆུ་ལོག་གི་གནོད་འཚེ་ཕོག་ཚད་ན་ནིང་ལས་ཅུང་དམའ་རུ་འགྲོ་སྲིད་པ་དང་ཞོད་སྐྱོན་ཐོན་ཚད་རྒྱུན་གཏན་ལས་ཅུང་མཐོ་རུ་འགྲོ་སྲིད་ཅེས་བཤད།
         མིག་སྔར་རྒྱལ་ཁབ་ཀྱིས་ཆུ་རྒྱུད་ཁག་ཏུ་ཞིབ་བཤེར་བྱས་པ་མ་ཟད། ན་ནིང་ཆར་དུས་སུ་གཏོར་སྐྱོན་ཕོག་པའི་ཆུ་བེད་ལས་གྲྭར་ཉམས་གསོ་བྱེད་རྒྱུ་ཡིན་ཞིང་། ཟླ་3ཚེས་7བར་ཆུས་གཏོར་སྐྱོན་ཕོག་པའི་ལས་གྲྭ་ཁག་ཁྲི་17.6ཉམས་གསོ་བྱེད་ཚད་90%ཙམ་ཟིན་པ་དང་། ལྷོ་ཕྱོགས་ཀྱི་ཆུས་གཏོར་སྐྱོན་ཕོག་པའི་ལས་གྲྭ་ཟླ་3པའི་ཟླ་མཇུག་གོང་ཉམས་གསོ་བྱས་ཟིན་པ་དང་། ཟླ་5པའི་ཟླ་མཇུག་གོང་བྱང་ཕྱོགས་ཀྱི་ལས་གྲྭ་ཉམས་གསོ་ལེགས་སྒྲུབ་ཟིན་པ་བཅས་བྱས་ནས་ཆར་དུས་བདེ་འཇགས་ངང་སྒྲོལ་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
         “ཆུ་དཔོན་ལམ་ལུགས”སྐོར་གླེང་སྐབས་ཁྲེན་ལེས་མིག་སྔར“ཆུ་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་འཕེལ་རིམ་བདེ་བླག་བྱུང་ཡོད། ཟླ་3ཚེས་8བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་བཅས་ཀྱིས་ལག་བསྟར་ཇུས་གཞི་བཟོས་ཟིན་པ་དང་། ཇུས་གཞི་20ཙམ་ལ་མཆན་འགོད་བཀའ་ལན་ཐོབ་ནས་ལག་བསྟར་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         “ཆུ་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་འགག་རྩ་ནི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཏང་སྲིད་འགོ་ཁྲིད་ཀྱིས་ཆུ་དཔོན་དང་སྤྱི་ཁྱབ་ཆུ་དཔོན་གྱི་འགན་འཁུར་བའི་འགན་འཁྲིའི་མ་ལག་དོན་འཁྱོལ་བྱ་རྒྱུ་དེ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་སྡེ་ཚན་མང་པོ་མཉམ་སྒུལ་དང་མཐུན་སྦྱོར་གོ་རིམ་ལྡན་པའི་ཆུ་དཔོན་གཞུང་ལས་ཁང་བཙུགས་ཏེ་མཛུབ་ཁྲིད་བསམ་འཆར་ལ་གཞིགས་ནས་ཁ་གསལ་བཟོས་པའི་གཙོ་གནད་ལས་འགན་ཁག་6ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། གཙོ་གནད་ལས་འགན་ཁག་6ནི་ཆུའི་ཐོན་ཁུངས་ཀྱི་སྲུང་སྐྱོང་ལ་ཤུགས་སྣོན་དང་། གཙང་པོ་དང་མཚེའུའི་ངོགས་ཀྱི་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན། ཆུའི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན། ཆུའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན། ཆུའི་སྣོད་བཅུད་སླར་གསོར་ཤུགས་སྣོན། ཁྲིམས་སྐྱོང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་རྒྱག་རྒྱུ་ཡིན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།