འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅༎།བོད་ལྗོངས་ཀྱི་བུད་མེད་འཐུས་མི་ཡིས་བོད་ལྗོངས་ཀྱི་བུད་མེད་ཀྱིས་ལས་རིགས་ཁག་ཏུ་ནུས་
    པ་ཆེན་པོ་འདོན་གྱི་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “རྒྱལ་ཁབ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་འོག་བོད་ཀྱི་བུད་མེད་ཀྱིས་ལས་རིགས་ཁག་ཏུ་ནུས་པ་ཆེན་པོ་འདོན་པ་དཔེར་ན། བུད་མེད་འགོ་ཁྲིད་ལས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་བུད་མེད་འཐུས་མི། དེ་བཞིན་བུད་མེད་ཁེ་ལས་མཁས་ཅན་སོགས་ཚང་མས་རང་འགན་གཙང་སྒྲུབ་བྱེད་ཀྱི་ཡོད། དེས་མ་ཚད་བུད་མེད་ཁ་ཤས་ལ་ཁྱབ་ཁོངས་ཁག་གཅིག་ཏུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་བཤད་པ་དང་། ཁོང་གིས་ད་ཆ་དར་དམར་གྲོང་ཚོའི་ཁྱིམ་ཚང་སོ་སོའི་བྱ་བ་ཆེ་ཆུང་ཚང་མ་བཟའ་ཚོ་གཉིས་ཀྱིས་མཉམ་དུ་གྲོས་མོལ་བྱེད་པ་མ་ཟད། འཚོ་བ་དང་སློབ་གསོ་སོགས་གང་ཅིའི་ཐད་བུད་མེད་ཀྱིས་ནུས་པ་ཆེན་པོ་འདོན་གྱི་ཡོད། ང་ཚོའི་གྲོང་ཚོའི་ངལ་ནུས་ཕྱེད་ཀ་ཙམ་བུད་མེད་ཡིན་ཞིང་། ཁོང་ཚོས་གྲོང་ཚོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་ཧ་ཅང་མཐོ་པོ་ཡོད། ཟ་ཁང་གཉེར་བ་དང་རྩལ་ནུས་གཞན་དག་གི་གསོ་སྦྱོང་སོགས་སུ་བུད་མེད་ཞུགས་ཚད་ཀྱང་ཧ་ཅང་མང་པོ་ཡོད་ཅེས་གསུངས།
          སྐལ་བཟང་སྒྲོལ་དཀར་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བུད་མེད་ཀྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་རྦད་དེ་འགན་སྲུང་ཐུབ་སྟེ། ཆེ་ས་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་ཆུང་ས་གྲོང་ཚོའི་ཨུ་ལྷན་ཚན་ཁག་བར་ཚང་མར་བུད་མེད་ཞུགས་ཡོད། དེ་སྔ་ཞིང་བྲན་ལམ་ལུགས་འོག ཕོ་མོ་སུ་འདྲ་ཞིག་ཡིན་རུང་ཐ་ན་འགྲོ་བ་མིའི་ཐོབ་ཐང་ཡང་འགན་ལེན་བྱེད་ཐབས་བྲལ་བས། བུད་མེད་ཀྱི་ཁེ་དབང་ཟེར་བ་དེ་བས་གླེང་ཐབས་བྲལ། ད་ཆ་འདྲ་མཉམ་གྱི་ཆ་རྐྱེན་འོག་ཚང་མས་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ཆོག་ཅེས་ཞེས་གསུངས།
         ཚོགས་འདུ་གཉིས་ཀྱི་སྐབས་སུ་གསུམ་བརྒྱད་བུད་མེད་དུས་ཆེན་ཐེངས་བཅུ་ལྷག་ཙམ་གཏོང་མྱོང་ཡོད་པའི་སྐལ་བཟང་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན། ལོ་བཅུའི་རིང་མྱོང་ཚོར་ཆེ་ཤོས་ནི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་ཀྱི་འཚོ་བ་བརྟན་ལྷིང་བྱུང་བས། སེམས་གཏིང་ནས་སྤོབས་སེམས་བྱེད་འོས་པ་ཞིག་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་དབྱངས་ཅན་ལའང་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅིང་། ཁོང་གིས་ངའི་དྲན་འཆར་ལ་དེ་སྔ་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་ནང་སྤྱིར་ན་བུད་མེད་ལས་བྱེད་པ་མེད་པ་དང་གྲོང་ཚོའི་ཚོགས་འདུར་ཡང་བུད་མེད་ཞུགས་པ་ཉུང་ཉུང་རེད་མོད། ཁོང་གིས་རང་ཉིད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་གྱུར་རྗེས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་ཆེན་པོ་འདི་འདྲ་གནང་བ་སྔར་བས་ངོས་འཛིན་བྱུང་ཞིང་། ཁོང་གིས་དེ་སྔ་གཞི་རིམ་དུ་ལས་ཀ་བྱེད་སྐབས་བུད་མེད་ཀྱི་ཁེ་དབང་དང་གནས་བབ་ཟེར་བར་སྣང་འཇོག་བྱེད་མཁན་ཉུང་ཉུང་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བྱས་རྗེས་ངས་ང་ཚོའི་བུད་མེད་ཀྱི་གནས་བབ་མཐོ་པོ་ཡིན་པ་མ་ཟད། སྐྱེས་པ་དང་འདྲ་བར་འབྲས་བཟང་གཏོད་ཐུབ་པ་གཞི་ནས་ཤེས་བྱུང་ཞེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།