འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལེ་ཞི་ཡའི་ཙུང་ལིས་ཁྲའོ་ཞན་ལ་ཁྲའོ་ཞན་དུ་ཡོད་པའི་མ་ལེ་ཞི་ཡའི་སྤྱི་དམངས"གློད་བཀྲོལ"
    གཏོང་དགོས་པའི་འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་7ཉིན་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུས་གསལ་བསྒྲགས་སྤེལ་ནས་ཁྲའོ་ཞན་གྱིས་ཁྲའོ་ཞན་དུ་ཡོད་པའི་མ་ལེ་ཞི་ཡའི་སྤྱི་དམངས་འཕྲལ་མར“གློད་བཀྲོལ”གཏོང་དགོས་པའི་འབོད་སྐུལ་བྱས་པ་དང་ཆབས་ཅིག་མ་ལེ་ཞི་ཡའི་སྤྱི་དམངས་ལ་གནོད་འཚེ་མ་ཕོག་པ་འགན་ལེན་མ་བྱུང་གོང་མངའ་ཁོངས་སུ་ཡོད་པའི་ཁྲའོ་ཞན་གྱི་སྤྱི་དམངས་ཚང་མ་མཐའ་མཚམས་ནས་འབྲལ་མི་ཆོག་ཅེས་བརྗོད་པ་རེད།
          ཚེས་7ཉིན་ཁྲའོ་ཞན་ཕྱི་འབྲེལ་པུས་ཁྲའོ་ཞན་དུ་བཅའ་སྡོད་མ་ལེ་ཞི་ཡའི་གཞུང་ཚབ་ཆེ་མོ་ཁང་ལ་ཁྲའོ་ཞན་དུ་ཡོད་པའི་མ་ལེ་ཞི་ཡའི་སྤྱི་དམངས་མངའ་ཁོངས་ནས་གནས་སྐབས་འབྲལ་མི་ཆོག་པའི་བརྡ་ཁྱབ་བཏང་བ་རེད།
         ན་ཅི་པུའི་གསལ་བསྒྲགས་ནང་། ཁོང་གིས་ཆེས་དྲག་པོའི་རྣམ་འགྱུར་ཐོག་ནས་ཁྲའོ་ཞན་གྱི་གཏན་འབེབས་ལ་ཁ་རྡུང་བཏང་སྟེ“མི་རྣམས་ཁོང་ཁྲོ་སྐྱེ་འོས་པའི”བྱེད་སྤྱོད་འདི་ནི་མ་ལེ་ཞི་ཡའི་སྤྱི་དམངས་མི་གཏར་བཙན་ཉར་བྱས་པ་དང་འདྲ་བས་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱི་འབྲེལ་གྱི་ཚད་འཛིན་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པ་འཁོད་ཡོད།
         ན་ཅི་པུས་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་བསྐོངས་ནས་ཛ་དྲག་ཚོགས་འདུ་འཚོགས་ཏེ་ཉེན་རྟོག་སྤྱི་ཁྱབ་ཧ་ལི་ཏེར་ཁྲའོ་ཞན་དུ་ཡོད་པའི་མ་ལེ་ཞི་ཡའི་སྤྱི་དམངས་ལ་གནོད་འཚེ་མ་ཕོག་པ་འགན་ལེན་མ་བྱུང་གོང་མ་ལེ་ཞི་ཡར་ཡོད་པའི་ཁྲའོ་ཞན་གྱི་སྤྱི་དམངས་མཐའ་མཚམས་ནས་འབྲལ་མི་ཆོག་ཅེས་བཀའ་བཏང་བ་རེད།
         ཁོང་གིས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་སྲུང་སྐྱོང་བྱ་རྒྱུ་ནི་ཙུང་ལིའི་ལས་འགན་ཨང་དང་པོ་ཡིན་པས། མ་ལེ་ཞི་ཡ་ཕྱོགས་ཀྱིས་རྒྱལ་དམངས་ལ་འཇིག་ཉེན་འཕྲད་སྐབས་དགོས་ངེས་ཀྱི་བྱ་ཐབས་མཐའ་དག་སྤྱོད་རྒྱུ་དང་། མ་ལེ་ཞི་ཡའི་སྤྱི་དམངས་མཐའ་མཚམས་ནས་འགྲོ་ཆོག་པའི་ཆོག་མཆན་འཕྲལ་མར་སྤྲད་དེ་གནས་ཚུལ་མུ་མཐུད་ཆེ་རུ་མི་འགྲོ་བ་བྱེད་དགོས་ཚུལ་ཁྲའོ་ཞན་གྱི་འགོ་ཁྲིད་པར་འབོད་སྐུལ་ཡང་བྱས་པ་རེད།
         ཚེས་7ཉིན་གྱི་སྔ་དྲོ། མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཀྲ་ཤིས་ཏེས་དེ་རིང་ནས་བཟུང་མ་ལེ་ཞི་ཡར་བཅའ་སྡོད་ཁྲའོ་ཞན་གྱི་གཞུང་ཚབ་ཆེ་མོ་ཁང་གི་དཔོན་རིགས་མཐའ་མཚམས་ནས་འབྲལ་མི་ཆོག་པའི་ཁྱབ་བསྒྲགས་བྱས་ཤིང་། ཁོང་གིས་ཁྲའོ་ཞན་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་གུས་ལུགས་དང་རྒྱུན་གཏན་གྱི་བཀའ་རྒྱ་ལས་རྒྱབ་འགལ་བྱས་པའི་ཁར་ཁྲའོ་ཞན་གྱི་སྐྱེས་པ་ཞིག་ལྐོག་བསད་བྱས་པའི་གྱོད་གཞིར་དམིགས་པའི་མ་ལེ་ཞི་ཡའི་བརྟག་དཔྱད་ལ་བཀོད་པ་གཏོང་རྩིས་བྱས་པར་མ་ལེ་ཞིས་ཡ་ཕྱོགས་ཀྱིས་ཡ་ལན་མ་སྤྲད་ཀ་མེད་བྱུང་ཞེས་བརྗོད།
         ཟླ་2ཚེས་13ཉིན་སྐྱེས་ཁུངས་ཁྲའོ་ཞན་ནས་ཡིན་པའི་སྐྱེས་པ་ཞིག་ཁྭ་ལ་ལུམ་ཕུར་རྒྱལ་སྤྱིའི་གནམ་ཐང་དུ་སྨན་བཅོས་རོགས་སྐྱོབ་ཞུ་བར་ཡོང་བ་དང་དེ་ནས་སྨན་ཁང་ལ་སྐྱེལ་བའི་ལམ་དུ་འདས་པ་རེད། དེ་རྗེས་མ་ལེ་ཞི་ཡ་དང་ཁྲའོ་ཞན་ཕྱོགས་གཉིས་པོས་ཕུང་པོ་གཤགས་པ་དང་བརྟག་དཔྱད་ལས་ཀ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཕན་ཚུན་སྐྱོན་བརྗོད་བྱེད་རེས་དང་སྦྲགས་ཕྱོགས་གཉིས་པོས་ཕ་རོལ་གྱི་གཞུང་ཚབ་ཕྱིར་འབུད་བྱ་རྒྱུ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།