འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་དང་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་དྲ་སྦྲེལ་བཞུགས་མོལ་
    བྱས་ཏེ“རྒྱུད་གཅིག་ལམ་གཅིག”ལ་ཐབས་འདོན་ཇུས་འབུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “2017ལོའི་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི‘རྒྱུད་གཅིག་ལམ་གཅིག’གི་རྒྱབ་ལྗོངས་འོག་གི་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས”ཞེས་པའི་བརྙན་ལམ་དྲ་སྦྲེལ་བཞུགས་མོལ་ཚོགས་འདུ་ཚེས་6ཉིན་འཚོགས་པ་རེད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་མཉམ་དུ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྐོར་གསེད་བཀྲོལ་བྱས་ནས་འཚོགས་བཞིན་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཐབས་འདོན་ཇུས་འབུལ་བྱས་པ་རེད།
         མོ་སི་ཁོའི་ས་གནས་དེ་གའི་དུས་ཚོད་ཚེས་6གི་ཉིན་གུང་བརྙན་ལམ་དྲ་སྦྲེལ་དེ་དེང་གི་ཨུ་རུ་སུ་གསར་འགྱུར་ཁང་དང་དེའི་པེ་ཅིང་ཡན་ལག་པུའུ་རུ་བྱས་ཤིང་། ཨུ་རུ་སུ་ཚན་རིག་སློབ་གླིང་རྒྱང་ཤར་ས་ཁུལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞེའར་ཀེ·ལུའུ་ཅ་ཉིང་དང་། ཨུ་རུ་སུ་མི་དམངས་མཛའ་གྲོགས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཨོ་ལེ་ཀེ·ཅི་མོ་ཧྥེ་གཡོད་ཧྥུའུ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲོའུ་མིང་ཝེ། ཀྲུང་གོ་མི་དམངས་སློབ་ཆེན་ཁྲུང་དབྱང་དངུལ་རྩ་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་ལིའུ་ཀྲི་ཆིན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
         ཤིས་ཚིག་ནང་ལུའུ་ཅ་ཉིང་གིས་ད་ཆ་རྒྱལ་ཁབ་ཁག་གཅིག་གི་ཁེ་ལས་འབྲིང་ཆུང་གིས་དོ་ཁུར་བྱེད་ས་ནི་སྔར་བས་མང་བ་དང་། སྔར་བས་མགྱོགས་པ། སྔར་བས་ལེགས་པ་བཅས་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དེར་ཇི་ལྟར་དམ་འཛིན་བྱ་རྒྱུ་དེ་རེད་ཅེས་བརྗོད་ཅིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”ནི་སྒམ་ཆེན་པོ་ཞིག་དང་འདྲ། སྒམ་བཟོས་ཟིན་ཡང་དེའི་ཁྲུ་ཐིལ་སྟོང་པར་ཅ་དངོས་གང་འཇུག་པའི་ལས་ཀ་ཕྱོགས་ཁག་གིས་བྱེད་དགོས་པ་དཔེར་ན་ཀྲུང་གོ་དང་ཨུ་རུ་སུའི་མོ་སི་ཁོ་ནས་ཁ་ཧྲན་མྱུར་བགྲོད་ལྕགས་ལམ་དང་། ཡ་མའར་རང་བྱུང་སོལ་རླངས་སོགས་རྣམ་གྲངས་ལྟ་བུ་ཡིན། “ཀྲུང་གོས་རྣམ་གྲངས་མང་པོ་དང་ཞུགས་མཁན་སྔར་ལས་མང་བ་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད། ཁོང་གིས་ད་ལོའི་ཟླ་5པར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་པེ་ཅིང་དུ་འཚོགས་རྗེས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དེ་དུས་མཚམས་གཞན་ཞིག་ཏུ་སླེབས་རྒྱུ་ཡིན་པ་སྟེ་རྣམ་གྲངས་དངོས་བརྒྱ་ཕྲག་མང་པོ་སྤྱད་ནས་དཔལ་འབྱོར་དང་ལག་རྩལ་ཐད་ནས་བརྗིད་ཆེའི་གྲོས་འགོ་དེ་མངོན་འགྱུར་བྱེད་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲོའུ་མིང་ཝེས་ཚོགས་འདུ་གཉིས་ཀྱི་རིང“རྒྱུད་གཅིག་ལམ་གཅིག”ནི་རང་ཉིད་ཡོད་སའི་ཚོགས་ཆུང་དེར་བགྲོ་གླེང་མང་ཤོས་ཀྱི་གྲོས་གཞི་ཞིག་ཡིན། ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཁག་གི་ཁོར་ཡུག་མི་འདྲ་བའི་འོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུར་དབྱེ་ཞིབ་བྱས་པ་དང་། ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱིས་དཔལ་འབྱོར་མཉམ་ལས་བྱེད་རིང་སྒྱུ་རྩལ་དང་། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་ཕན་ཚུན་ཤེས་རྟོགས་དང་ངོས་འཛིན་ཆེན་པོ་ཡོང་བའི་རྒྱལ་ཁབ་ཀྱི་འབྲེལ་བ་གསར་པ་ཞིག་འཛུགས་སྐྱོང་ཐུབ་རེ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཅི་མོ་ཧྥེ་གཡོད་ཧྥུའུ་ཡི་གཏམ་བཤད་ནང་ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་དེ“རྒྱུད་གཅིག་ལམ་གཅིག”ཁྲོད་ཀྱི“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”ཙམ་མིན་པར་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་གྲུ་ཁ་དང་ཀྲུང་གོའི་བྱང་ཤར་ས་ཁུལ་འབྲེལ་གཏུག་དམ་ཟབ་བྱས་ནས་མཚོ་ཐོག་གི་སྤེལ་རེས་མཉམ་ལས་སྣ་མང་ཡོང་བ་བྱས་ནས་ཨུ་རུ་སུ་ཉིད་རྦད་དེ་ཀྲུང་གོའི་མཚོ་ཐོག་དར་གོས་ལམ་བུའི་མཉམ་ལས་རོགས་ཟླར་འགྱུར་ཐུབ་ཅེས་བརྗོད།
         ལིའུ་ཀྲི་ཆིན་གྱིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བསྟུན་མཁས་དང་སྒོ་དབྱེ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། མ་འཇོག་འཛུགས་སྐྲུན་དང་། ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་མཁར་རྫོང་ཉུང་དུ་གཏོང་བ། ས་ཁུལ་གྱི་ཚོང་ཟོག་ཞབས་ཞུའི་འཁོར་རྒྱུག་མང་གཏོང་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མཐར་ལམ་རྒྱུད་རྒྱལ་ཁབ་ཀྱི་དམངས་བྱིངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བརྗོད།
         བརྙན་ལམ་དྲ་སྦྲེལ་བཞུགས་མོལ་ཚོགས་འདུ་ནི་ཀྲུང་གོའི་ཕྱི་ཡིག་ཅུས་ཀྱི་མི་དམངས་བརྙན་པར་ཁང་དང་དེང་གི་ཨུ་རུ་སུ་གསར་འགྱུར་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།