འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཁོ་ཐེ་ཏི་ཝོར་གྱི་ཆུ་ཤུགས་གློག་ཁང་ཆེ་ཤོས་སུ་ཆུ་
    གསོག་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་10ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་6ཉིན་ཀྲུང་གོའི་ཆུ་བེད་ཆུ་ཤུགས་གློག་ཁང་གི་ལས་གྲྭ་ཅུས་ལྔ་པའི་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་ཁོ་ཐེ་ཏི་ཝོའི་ཆུ་ཤུགས་གློག་ཁང་ཆེ་ཤོས་སྟེ་སུ་པུ་ལེ་ཆུ་ཤུགས་གློག་ཁང་གི་ཆུ་མཛོད་དུ་དངོས་སུ་ཆུ་གསོག་འགོ་ཚུགས་པ་དེ་ཐོག་ནས་རྣམ་གྲངས་དེའི་གློག་འདོན་ལྡོག་རྩིས་དུས་མཚམས་སུ་སླེབས་པ་མཚོན་ཡོད།
           ཀྲུང་གོའི་ཆུ་ཤུགས་གློག་ཁང་སུ་པུ་ལེའི་རྣམ་གྲངས་ཅིང་ལིའི་ལས་རོགས་ཀྲང་ལུང་གིས་སྔོན་དཔག་བྱས་ན་ཉིན་23བསྟུད་མར་ཆུ་གསོག་རྒྱུ་ཡིན་པ་དང་དེ་རྗེས་གློག་འདོན་འཕྲུལ་ཚན་ཨང་དང་པོར་སྙོམས་སྒྲིག་ཚོད་ལྟ་བྱས་ཏེ་ལེགས་གྲུབ་བྱུང་རྗེས་ཆུ་ཤུགས་གློག་ཁང་གི་གློག་དྲའི་དྲ་ཐོག་གློག་འདོན་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
          ཁོ་ཐེ་ཏི་ཝོའི་ནུས་རྒྱུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཨ་མི་ཏུའུ·ཐེ་ལ་ཨའོ་ལེས་ཆུ་མཛོད་ཁུལ་དུ་ཆུ་གསོག་པ་དེ་ཐོག་ནས་ལས་གྲྭ་ཧྲིལ་པོ་མཇུག་བསྡུའི་དུས་མཚམས་སུ་སླེབས་ནས་སྔ་སྣུར་དུ་གློག་གཏོང་ཐུབ་པ་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་མཚོན་ཡོད་ཅེས་བཤད་པ་རེད།
         སུ་པུ་ལེ་ཆུ་ཤུགས་གློག་ཁང་འདི་ཉིད་ས་སང་ཏེ་ལ་གཙང་པོའི་ན་ཝ་འབབ་ཆུའི་ཉེ་འགྲམ་དུ་གནས་པ་དེ་ནི་ཁོ་ཐེ་ཏི་ཝོར་གྱི་རྒྱལ་ཁབ་ཀྱི་ནུས་རྒྱུ་དོ་སྙོམས་འཐབ་ཇུས་ཀྱི་རྣམ་གྲངས་གཙོ་བོ་ཡིན་ཞིང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་སྤྱིའི་ཤོང་ཚད་ཀྲའོ་ཝ་275ཟིན་ཡོད་པ་རེད།
          མིག་སྔར་ཁོ་ཐེ་ཏི་ཝོར་གྱིས་ཀག་ན་དང་། ཐོ་ཀོ། པེ་ནི་ན། པོ་ཁི་ན་ཧྥ་སོ། མ་ལི་སོགས་རྒྱལ་ཁབ་ལ་གློག་གཏོང་གི་ཡོད་པ་དང་འབྱུང་འགྱུར་ད་དུང་སི་ར་ལ་ཨོང་དང་། ཀི་ནེ་ཡ། ལི་པེ་རི་ཡ་སོགས་རྒྱལ་ཁབ་ལ་གློག་གཏོང་རྩིས་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།