འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།པུ་རུ་སེར་དུ་བོད་མེ་བྱ་ལོའི་ལོ་གསར་གྱི་ཆེད་དོན་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན། 2017ལོའི་བོད་མེ་བྱ་ལོའི་ལོ་གསར་འཆར་བའི་སྐབས། པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐོག་མར་གཙོ་གཉེར་བྱས་པའི་བོད་མེ་བྱ་ལོའི་ལོ་གསར་གྱི་ཆེད་དོན་འཁྲབ་སྟོན་དེ་ཚེས་གསུམ་ཉིན་གྱི་དགོང་མོ་པུ་རུ་སེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་གི་གླུ་གར་ཚོགས་པས་དེ་གའི་ལྟད་མོ་ལྟ་མཁན་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་བརྒྱ་ལ་ཉེ་བར་བོད་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
         འཁྲབ་སྟོན་འགོ་ཚུགས་མ་ཐག་སྙན་འཇེབས་ལྡན་པའི་《བླ་བྲང་གི་ཞོགས་གླུས་》ལྟད་མོ་བ་ཚོར་བཀྲ་ཤིས་ལ་སྤྲོ་སྣང་ལྡན་པའི་དུས་ཆེན་གྱི་རྣམ་པ་ཞིག་ངང་གིས་སྟེར་བ་དང་། དེ་ནས་སྒྱུ་རྩལ་མཁས་པ་གདུགས་དཀར་སྐྱབས་དང་ཀླུ་མོ་སྐྱིད་ཀྱིས་བླངས་པའི་《མཚོ་བོད་ས་མཐོ་》དང་《མཛེས་སྡུག་ལྡན་པའི་ཀན་ལྷོའི་རྩྭ་ཐང་》སོགས་མང་ཚོགས་ཚོའི་རྣ་བར་འཇགས་པའི་གླུ་གཞས་ལ་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་རྒྱུན་་ཆད་མེད་པར་གྲགས།
         འཁྲབ་སྟོན་བྱེད་རིང་། པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆུས་ཤིན་དང་པེར་ཀྲེམ་གྱི་བོད་རིགས་སྤུན་ཟླ་སོགས་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་རང་འགུལ་ངང་གར་སྟེགས་སུ་བསྐྱོད་ནས་འཁྲབ་སྟོན་པར་དཀར་གཙང་མཇལ་དར་བསྒྲོན་ཏེ་བོད་ཀྱི་ལོ་གསར་སྐབས་ཕ་ཡུལ་གྱི་གླུ་སྒྲ་དང་སྤུན་ཉེའི་བརྩེ་བ་ཚོར་བར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
         ཆུས་ཤིན་གྱིས“པེར་ཀྲེམ་ལ་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་ཁྲི་3ཡོད་པའི་ནང་ནས་བོད་རིགས་ཀྱིས་བཅུ་ཆ་གཅིག་ཙམ་བཟུང་ཡོད། ང་ཚོའི་མེས་རྒྱལ་སྐྱེད་མས་ཀྲུང་གོའི་མི་རིགས་ཁག་གི་བུ་ཕྲུག་ག་དུས་ཡིན་རུང་སེམས་སུ་བཅངས་ཡོད། དེའི་ནང་རྒྱ་རིགས་དང་བོད་རིགས་སྤུན་ཟླ་ཚུད་ཡོད། གང་ལགས་ཤེ་ན། ཚང་མའི་ལུས་པོར་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་བཞུར་བཞིན་ཡོད་པས་རྒྱ་བོད་ཁྱིམ་ཚང་གཅིག་ལྟར་ཡིན་པས་རེད”ཅེས་བཤད།
         པེར་ཀྲེམ་གྱི་ཀྲུང་གོའི་ཞི་བདེའི་གཅིག་གྱུར་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཀྲུའུ་ཧའེ་ཨན་གྱིས“ད་རེས་པུ་རུ་སེར་ཐོག་མར་གཉེར་བའི་བོད་མེ་བྱ་ལོའི་ལོ་གསར་མཉམ་རོལ་བྱེད་སྒོར་ཞུགས་རྒྱུ་བྱུང་བས་གཟི་བརྗིད་ཅིག་རེད་སྙམ། བྱེད་སྒོ་དེས་པེར་ཀྲེམ་གྱི་རྒྱ་རིགས་དང་བོད་རིགས་སྤུན་ཟླ་ཚོར་ཕན་ཚུན་རྒྱུས་མངའ་ལོན་པ་དང་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུར་གོ་སྐབས་ཤིག་མཁོ་འདོན་བྱས་པས། སླད་ཕྱིན་བྱེད་སྒོ་དེ་ཇི་ཙམ་གཉེར་བ་དེ་ཙམ་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་བ་ཡོད”ཅེས་བརྗོད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།