འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་རང་རྒྱལ་གྱི་གྲོང་གསེབ་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་9000ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་2ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་སུན་ཅི་ཝུན་གྱིས་ཚོང་དོན་པུའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་2016ལོའི་རྒྱལ་ཡོངས་གྲོང་གསེབ་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་8945.4ཟིན་པ་དེས་རྒྱལ་ཡོངས་དྲ་རྒྱའི་སིལ་ཚོང་དངུལ་འབོར་གྱི་17.4%བཟུང་ཡོད། དེའི་ནང་དངོས་རྫས་རྣམ་པའི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་5792.4དང་ཞབས་ཞུ་རྣམ་པའི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་3153སོ་སོ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
            ལོ་ཧྲིལ་པོའི་གྲོང་གསེབ་དྲ་རྒྱའི་སིལ་ཚོང་དངུལ་འབོར་དུས་ཚིགས་གོང་མའི་འཕར་ཚད་ཆ་སྙོམས་བྱས་ན་གྲོང་ཁྱེར་ལས་མཐོ་བ་ཡོད། ཤར་རྒྱུད་ས་ཁུལ་གྱི་གྲོང་གསེབ་ཐོན་ལས་ཀྱི་རྨང་གཞི་ཡག་པ་དང་དྲ་ཐོག་ཚོང་དོན་ཁྱབ་རྒྱ་ཆེ་ཞིང་། དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་5660.8ཟིན་པ་དེས་རྒྱལ་ཡོངས་ཀྱི63.3%བཟུང་ཡོད། དབུས་ནུབ་ས་ཁུལ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཆ་སྙོམས་བྱས་ན་དུས་ཚིགས་རེར་འཕར་ཚད་16.6%ཟིན་པ་དེ་ཤར་རྒྱུད་ས་ཁུལ་ལས་བརྒྱ་ཆའི་གྲངས་3.2མཐོ་བ་ཡོད་པ་རེད།
          སུན་ཅི་ཝུན་གྱིས་ཚོང་དོན་པུས་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་དྲ་ཐོག་ཚོང་དོན་གྲོང་ཚོར་ཁྱབ་སྤེལ་གྱི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད། འདི་ལོ་ཚོང་དོན་པུས་གྲོང་གསེབ་དཔལ་འབྱོར་ཐད་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྐུལ་ཁྲིད་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་དང་། གྲོང་གསེབ་ཀྱི་བཟོ་ལས་ཐོན་རྫས། གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཞུ་སོགས་དྲ་ཐོག་ཚོང་དོན་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། གནད་སྨིན་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་ལ་ཕན་པ་དེ་བས་མང་བ་འདོགས་རྒྱུ་ཡིན་ཞེས་བཤད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།