འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་གྱིས་མཉམ་སྤྱོད་རྐང་འཁོར་ལ་རྒྱབ་སྐྱོར་བྱེད་པའི་རང་རྒྱལ་གྱི་སྲིད་ཇུས་ཐོག་མ་དེ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན། ཁྲེང་ཏུའུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཨུ་ལྷན་དང་། སྤྱི་བདེ་ཅུས། གྲོང་ཁྱེར་དོ་དམ་ཨུ་ལྷན་བཅས་ཀྱིས་《མཉམ་སྤྱོད་རྐང་འཁོར་འཕེལ་རྒྱས་ལ་ཡར་སྐུལ་བྱ་རྒྱུའི་སྐོར་གྱི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་》(གཤམ་ལ་《ལག་བསྟར་བསམ་འཆར་》ཞེས་བསྡུ་རྒྱུ)དངོས་སུ་བཏོན་ནས། མཉམ་སྤྱོད་རྐང་འཁོར་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་གྱིས་ལྗང་མདོག་ཐཱན་ཉུང་གི་ཕྱིར་སྐྱོད་ལ་སྐུལ་འདེད་བཏང་ཡོད། དེ་ནི་གྲོང་ཁྱེར་གྱིས་མཉམ་སྤྱོད་རྐང་འཁོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རང་རྒྱལ་གྱི་སྲིད་ཇུས་ཐོག་མ་དེའང་ཡིན་པ་རེད།
            “ཟླ་2པའི་ཟླ་མཇུག་བར། ཁྲེང་ཏུའི་ལྟེ་བའི་གྲོང་ཁྱེར་གྱིས་ཁྱོན་མཉམ་སྤྱོད་རྐང་འཁོར་མཁོ་འདོན་བྱེད་ཚད་ཁྲི་30ཟིན་པ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་3000ལས་བརྒལ་བར་ཞབས་འདེགས་ཞུས་ནས་ཉིན་རེར་ཆ་སྙོམས་སྤྱོད་ཚད་ཐེངས་4ཙམ་ཟིན་ཡོད། གཞན་ཡང་མཉམ་སྤྱོད་རྐང་འཁོར་དེ་ཆུས་དང་(གྲོང་ཁྱེར)རྫོང་ཁག་གཅིག་ལ་ཁྱབ་ཡོད་པ་རེད”ཁྲེང་ཏུའུ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་པིང་གིས“དྲ་སྦྲེལ་+འགྲིམ་འགྲུལ”གྱི་ལས་རྣམ་གསར་པ་ཞིག་ཡིན་པའི་མཉམ་སྤྱོད་རྐང་འཁོར་དེ་ནི་བདེ་ལྕག་འཁྱུག་ལ་སྟབས་བདེ་བ་དང་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ལེགས་ཆ་ལྡན་པས་དེར་གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མཉམ་སྤྱོད་རྐང་འཁོར་ནི་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ལ་ཕན་ཐོགས་ཡོད་པའི་ཁ་གསབ་ཅིག་ཡིན་པ་དང་། དེ་ནི་རང་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་འགྲོ་རྒྱུར་ཕན་པ་ཡོད་པ་དང་། ལྗང་མདོག་ཕྱིར་སྐྱོད་དང་ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་གྲོང་མི་རྣམས་ལ་འཚོ་བའི་གོམས་གཤིས་འཇགས་རྒྱུར་སྐུལ་མ་ཐེབས་རྒྱུ། གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཚམ་རྒྱུ་རེད། “ལག་བསྟར་བསམ་འཆར་བཏོན་པ་དེ་ནི་གསར་ཐོན་ཅ་དངོས་ཀྱི་དགེ་སྤེལ་སྐྱོན་སྤང་བྱས་ནས་རྐང་འཁོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན”ཞེས་བཤད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།