འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྒྲུབ་འགན་བླངས་པའི་ཕོར་ཐིའུ་ཀལ་གྱི་ས་ངོས་འོད་ཤུགས་གློག་ཁང་
    ལས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་2ཉིན། ཀྲུང་གོ་འཛུགས་སྐྲུན་རྒྱུ་ཆ་རྒྱལ་སྤྱིའི་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིས་འགན་གཙང་བླངས་པའི་ཕོར་ཐིའུ་ཀལ་གྱི་ཀྲའོ་ཝ་220ཡོད་པའི་འོད་ཤུགས་ས་ངོས་གློག་ཁང་ལས་གྲྭའི་རྣམ་གྲངས་ཉིན་ཤས་གོང་ལས་འགོ་ཚུགས་པ་རེད།
         ཚེས་1ཉིན་ཕོར་ཐིའུ་ཀལ་གྱི་དཔལ་འབྱོར་པུའི་པུའུ་ཀྲང་མན་ནུའུ་ཨེར·ཁ་པུའུ་ལའར་དང་ཀྲུང་གོ་འཛུགས་སྐྲུན་རྒྱུ་ཆ་རྒྱལ་སྤྱིའི་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཕུང་ཧྲོའུ་རྒྱལ་ས་ལི་སི་པོན་དང་བར་ཐག་སྤྱི་ལེ་250ཡོད་པའི་གྲོང་རྡལ་ཆུང་ངུ་ཝ་ཁའེ་ལུའུ་ཧྲེན་དུ་ཚོགས་པའི་ལས་འགོ་འཛུགས་པའི་མཛད་སྒོར་ཞུགས་པ་རེད།
         ཀྲུང་གོ་འཛུགས་སྐྲུན་རྒྱུ་ཆ་ལས་གྲྭ་ཚོགས་པར་ན་ནིང་ཟླ་བ་བཅུ་གཅིག་པར་ཕོར་ཐིའུ་ཀལ་གྱི་ཀྲའོ་ཝ་220ཡོད་པའི་འོད་ཤུགས་ས་ངོས་གློག་ཁང་ལས་གྲྭའི་སྤྱིའི་འགན་གཙང་གན་རྒྱ་བདེ་བླག་ངང་རག་པ་རེད། རྣམ་གྲངས་ལེགས་གྲུབ་བྱུང་རྗེས་ཡོ་རོབ་ཡོངས་ཀྱི་འཕྲུལ་འཁོར་རྐྱང་པ་བསྒྲིགས་ནས་གློག་འདོན་ཚད་ཆེ་ཤོས་ཀྱི་འོད་ཤུགས་གློག་ཁང་ཞིག་ཏུ་འགྱུར་རྒྱུ་རེད། 
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།