འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་ཐོག་ཚོང་ཁང་ལས་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དྲ་ཐོག་ཚོང་ཁང་ལས་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ།
          མི་དམངས་དྲ་བའི་འཕྲིན། དྲ་ཐོག་ཚོང་ཁང་གི་དབུལ་སྐྱོར་བྱེད་སྟངས་ལས་ལུང་ནན་གྲོང་ཁྱེར་ཝུན་རྫོང་ཐེ་ལུའོ་བོད་རིགས་ས་ཁུལ་ཧྲི་མོན་ཀུའོ་གྲོང་ཚོའི་སྣོད་བཅུད་ཡུལ་སྐོར་དབུལ་སྐྱོར་ལ་སྣེ་ཁྲིད་བྱས་པ་དང་། ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་དང་། དྲ་རྒྱ། ཟོག་འགྲེམས་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་དེ་བཞིན་དྲ་ཐོག་ཚོང་པས་དྲིལ་བསྒྲགས་འོས་སྦྱོར་ཤུགས་ཆེན་བྱས་པ་བརྒྱུད། ཝུན་རྫོང་ཐེ་ལུའོ་བོད་རིགས་ས་ཁུལ་ཧྲི་མོན་ཀུའོ་གྲོང་ཚོའི་སྙན་གྲགས་ཇེ་ཆེར་ཕྱིན་ནས་ལུང་ནན་དུ་ཡུལ་སྐོར་བྱེད་མཁན་ལོ་རེ་བཞིན་མང་དུ་ཕྱིན་པ་དང་དུད་ཚང་དབུལ་པོ་མང་པོར་སྣོད་བཅུད་ཡུལ་སྐོར་ཁྲོད་ནས་ཐད་ཀར་ཕན་པ་ཐོབ་ཅིང་། གོང་གི་པར་རིས་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་ཐེ་ལུའོ་བོད་རིགས་ས་ཁུལ་ཧྲི་མོན་ཀུའོ་གྲོང་ཚོའི་དབུལ་སྐྱོར་དྲ་ཐོག་ཚོང་ཁང་ནང་ལས་མི་ཞིག་གིས་བསྐུར་བྱའི་ཡུལ་ཟོག་གྲ་སྒྲིག་བྱེད་པའི་གནས་ཚུལ་ཡིན་པ་དང་འོག་གི་པར་རིས་ནི་སྨན་གླིང་རྫོང་གནས་ལུང་ཤང་བར་ཏང་གྲོང་ཚོའི་ཁྲ་སྒོར་གྱིས་ལྷ་སར་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་ཕྱུར་བ་འཚོང་བཞིན་པའི་གནས་ཚུལ་ཡིན་པ།
    ༄༅།།དྲ་ཐོག་ཚོང་ཁང་ལས་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།