འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཀྲོའུ་ཉིད་རྒྱལ་ཁབ་ཀྱི་ཁག་དང་པོའི་རིག་གནས་འཛད་སྤྱོད་ཀྱི་ཚོད་
    ལྟའི་གྲོང་ཁྱེར་ནང་ཚུད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རིག་གནས་པུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་རིག་གནས་འཛད་སྤྱོད་གྲོང་ཁྱེར་ཁག་དང་པོའི་ནང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་26ཚོད་ལྟའི་ཁུལ་དུ་བདམས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནི་ཚོད་ལྟའི་གྲོང་ཁྱེར་ནང་བདམས་པའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་འབའ་ཞིག་དེ་རེད།
           ད་ཐེངས་ཀྱི་ཚོད་ལྟའི་དུས་ཚོད་ལོ་གཉིས་ཡིན་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཚོད་ལྟའི་གྲོང་ཁྱེར་ལ་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། རྨ་ལྷོ་ཀྲོའུ་ཡིས་ཀྱང་ལོ་གཉིས་ནང་འཛད་སྤྱོད་གྲུབ་ཆ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། ཀྲོའུ་ཡོངས་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
          ཉེ་བའི་ལོ་ཤས་རིང་། རྨ་ལྷོ་ཀྲོའུ་སྲིད་གཞུང་གིས་ཁྲིད་སྟོན་དང་རིག་གནས་སྡེ་ཚན་གྱིས་སྲིད་ཇུས་ཀྱི་རོགས་སྐྱོར་བྱས་པ་བརྒྱུད། རྨ་ལྷོ་ཀྲོའུ་ཡི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རྨ་ལྷོ་ཀྲོའུ་ཡིས་ས་གནས་དེ་གའི་ཁེ་ལས་དང་དམངས་ཁྲོད་སྒྱུ་རྩལ་པ་སྒྲིག་འཛུགས་བྱས་ཏེ་རིག་གནས་ཐོན་ལས་འགྲེམས་ཚོགས་སྣ་ཚོགས་ནང་ཞུགས་ནས་མི་དེ་བས་མང་བས་རེབ་གོང་གི་སྒྱུ་རྩལ་ཤེས་རྟོགས་ཐུབ་པ་བྱས་ཡོད། ད་ཆ་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་སོགས་སུ་རེབ་གོང་སྒྱུ་རྩལ་གསར་གཏོད་ཀྱི་བརྩམས་ཆོས་འགྲེམས་ཚོང་སྐར་ཁུང་ཉིས་བརྒྱ་ཙམ་བཙུགས་པ་མ་ཟད། ད་དུང་ས་གནས་དེ་གའི་ཕུལ་བྱུང་གི་ཐང་གའི་སྒྱུ་རྩལ་པས་ཧྥ་རན་སེའི་ལུའུ་ཕུའུ་ཕོ་བྲང་དང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་རེབ་གོང་སྒྱུ་རྩལ་འགྲེམས་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།