འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དུས་ཆེན་གོང་གི་ཁྲོམ་རའི་སྤུས་ཚད་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། དུས་ཆེན་གོང་གི་ཁྲོམ་རའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བོད་ཀྱི་ལོ་གསར་སྤྲོ་སྣང་ལྡན་པ་ཞིག་གཏོང་རྒྱུའི་འགན་ལེན་བྱ་ཆེད། ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བོད་རང་སྐྱོང་ལྗོངས་མེ་ཟོན་སྤྱི་ཁྱབ་རུ་ཁག་དང་མཉམ་འབྲེལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་སྣུམ་སྣོན་ས་ཚིགས་དང་། ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཐོན་ཟོག་ཉོ་ཚོང་ཁྲོམ་ར་སོགས་གཙོ་གནད་ཁུལ་དུ་ཞིབ་བཤེར་བྱས་པ་རེད།
          ཟླ་2ཚེས་17ཉིན་ཞིབ་བཤེར་ཚོགས་ཆུང་དང་བཅས་པ་ལྷ་ས་གྲོང་ཁྱེར་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དང་། གྲོང་ཁྱེར་ནུབ་འདབས་ཀྱི་པའེ་དབྱི་སྒོ་རྩིས་ཚོང་ཁང་། ཀུན་བདེ་གླིང་སྣུམ་སྣོན་ས་ཚིགས་བཅས་ཀྱི་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་ལྟ་ཞིབ་ཚད་ལེན། མེ་ཟོན་བདེ་འཇགས་སོགས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པའི་གནས་ཚུལ་ལ་བལྟས་ན། མིག་སྔར་བོད་ལྗོངས་ཀྱི་ཁྲོམ་རའི་མཁོ་སྤྲོད་སྣ་ཁ་ཕུན་སུམ་ཚོགས་པོ་དང་། མཁོ་སྤྲོད་འབེལ་བ། རིན་གོང་བརྟན་པོ་བཅས་ཡོད་པ་དང་རྡོ་སྣུམ་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་འཁོར་རྒྱུག་བདེ་འཇགས་དང་བརྟན་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།