འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ནགས་ཚལ་ཁེབས་ཚད་12.14%ཟིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོར་བོད་ཀྱིས་ནགས་ལས་སྣོད་བཅུད་སྲུང་སྐྱོང་གི་འཛུགས་སྐྲུན་བྱ་བར་སྒོར་དུང་ཕྱུར་34བཏང་ནས་མུའུ་ཁྲི་83.79ལ་ཤིང་འཛུགས་ནགས་བཟོ་བྱས་པ་དང་། ཕྱིས་འབྱུང་ལོ་10ནང་ནགས་བཟོའི་ཁེབས་ཁྱོན་མུའུ་ཁྲི་2500གསར་འཕར་དང་དབྱང་གཉིས་ཐཱན་འགྱུར་འདུས་ཚད་ཏུན་ཁྲི་3055ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
             2016ལོར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་མུ་འབྲེལ་བརྟག་དཔྱད་ཐེངས་དགུ་པའི་འབྲས་བུའི་ནང་། བོད་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1798དང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1491ཟིན་ནས་སྤྱི་ཆིང་ཁྲི་19མང་དུ་སོང་བ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར22.82ཟིན་ནས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2047མང་དུ་སོང་བ། ནགས་ཚལ་ཁེབས་ཚད་12.14%ཟིན་ནས་བརྒྱ་ཆའི་གྲངས་0.16མཐོ་རུ་སོང་བ་བཅས་མངོན་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།