འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་བོད་ཀྱིས་དབུལ་ཕོངས་ཀྱི་རྩ་བ་མེད་པར་བཟོས་ནས་བདེ་ཐང་དབུལ་སྐྱོར་ལ་
    ཕན་འབྲས་ལེགས་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོ་ཚུན་དུ་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་དང་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བདེ་ཐང་དབུལ་སྐྱོར་གྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
            ལྗོངས་ཡོངས་ཀྱི་རྫོང་74རུ་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བྱེད་པའི”བརྟག་དཔྱད་ལས་དོན་སྤེལ་ནས་ནད་གཞི་ཐོན་མང་བ་དང་། སྨན་ཡོན་མཐོ་བ། ཐོན་སྐྱེད་དང་འཚོ་བའི་ནུས་པར་ཤུགས་རྐྱེན་ཚབས་ཆེན་ཕོག་པ་བཅས་ཀྱི་གཙོ་གནད་ནད་རིགས་45ཡི་ཕོག་ཚུལ་དང་། ནད་དཔྱད། སྨན་བཅོས། སྨན་བཅོས་འགན་སྲུང་སོགས་གནས་ཚུལ་དཔྱད་ཞིབ་གནད་འཕིགས་བྱས་ཤིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་གྱི་རིན་མེད་གཟུགས་གཞི་བརྟག་དཔྱད་ལས་དོན་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་གཟུགས་གཞི་བརྟག་དཔྱད་བྱས་ནས། བདེ་ཐང་ཡིག་ཚགས་བཟོ་པའམ་ཡང་ན་གསར་པ་བརྗེས་ནས་བདེ་ཐང་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱས་པ་རེད།
            གནད་སྨིན་དབྱེ་འབྱེད་བྱེད་པའི་རྨང་གཞིའི་ཐོག་སྒྲིག་སྲོལ་དང་ལམ་སྲོལ་ཐོག་ནས་འགན་ལེན་བྱས་པས་དབུལ་སྐྱོར་བྱེད་ཐབས་ཁག་གིས་ཕན་པ་ཆེ་ཤོས་ཐོན་ནས། མི་འབོར་དབུལ་པོར་དངོས་འབྲེལ་ཕན་པ་ཐོབ་པ་བྱས་ཁར་དབུལ་ཕོངས་ཀྱི་རྩ་བ་དྲུངས་ནས་འབྱིན་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལ་སྲིད་གཞུང་གི་ཁ་གསབ་བྱེད་པའི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་འཐུས་སྒོ་ཚང་དུ་བཏང་ནས་ས་ཁུལ་དབུལ་པོའི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་11བར་བོད་ཀྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ནད་པ་863ལ་འགན་བཅོལ་གུན་གསབ་ཁྱོན་མ་དངུལ་སྒོར་ཁྲི་3200ལྷག་ཙམ་སྤྲད་པ་རེད།
           སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཁྱབ་ཚད་དང་ནུས་ལྡན་རང་བཞིན་ཆེ་རུ་ཕྱིན་ནས་མི་འབོར་དབུལ་པོས་ཐག་ཉེ་ས་ནས་ནད་གཞི་ལྟ་ཐུབ་སྟེ། སྟབས་བདེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དུས་ཐོག་ཏུ་ལོངས་སུ་སྤྱོད་ཐུབ་ཡོད། ན་ནིང་ཚུན་དུ་བོད་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཁོངས་གཏོགས་ཀྱི་སྡེ་ཚན་ཁག་གིས་ས་ཁུལ་དབུལ་པོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྐྲུན་མགྱོགས་སུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གཏོད་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱེད་པ་དང་། ས་ཁུལ་དབུལ་པོའི་གཅོང་ནད་དང་། འགོ་ནད། ཡུལ་ནད་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁུལ་དབུལ་པོའི་བུད་མེད་དང་བྱིས་པའི་བདེ་ཐང་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
          ལྗོངས་ཡོངས་ཀྱི་འཕྲོད་བསྟེན་སྡེ་ཚན་གྱིས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གནད་འཁེལ་དོ་དམ་ལག་བསྟར་བྱེད་པ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་མི་དམངས་ཀྱི་བདེ་ཐང་འཚོ་བར་སྲུང་སྐྱོང་བྱས་ཁར་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་ཡང་བཏིང་བ་རེད།
          གྲོང་ཚོར་བཅའ་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་བདུན”ཏན་ཏིག་ངང་ཡག་པོ་བསྒྲུབས་ཐོག་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཁོངས་གཏོགས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ལས་རིགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྨན་བཅོས་དང་སྨན་སྤྲོད་པའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་ལྷག་དོན་དུ་བདེ་ཐང་ཐད་ཀྱི་གནད་དོན་དངོས་ཐག་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།