འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་10ལྷག་ཙམ་རིང་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་འགྲོ་ཚད“ཤིས་ཧུའུ་མཚེའུ་26”དང་
    ཧ་ལམ་མཚུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ས་ཁམས་རྒྱལ་བབ་ལ་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་བྱས་འབྲས་ལས་མངོན་པར། 2004ལོ་ནས་2016ལོའི་བར“ཀྲུང་གོའི་མཚེའུ་མཛེས་ཤོས”ཀྱི་མཚན་སྙན་ལྡན་པའི་མཚོ་སྔོན་པོའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་169.7ཆེ་རུ་ཕྱིན་པ་དེ་ཤིས་ཧུའུ་མཚེའུ་26གི་རྒྱ་ཁྱོན་དང་ཧ་ལམ་མཚུངས་ཡོད་པ་རེད།
          ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། 2000ལོ་ཚུན་གྱི་ཟླ་བ་དགུ་པའི་ཆུ་རྒྱས་དུས་ཀྱི་མཚོ་སྔོན་པོའི་མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱིའི་ཆ་ནས་ཆེ་རུ་སོང་བ་མངོན་ཞིང་། 2000ལོ་ནས་2004ལོ་བར་མཚོ་སྔོན་པོའི་རྒྱ་ཁྱོན་ཅུང་ཆུང་དུ་སོང་བ་ཕུད། 2005ལོ་ནས་བཟུང་མཚོ་ངོས་ཀྱི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་སོང་བའི་ནང་། 2005ལོ་ནས་2009ལོ་བར་དེའི་རྒྱ་ཁྱོན་ལ་འགྱུར་ལྡོག་འགྲོ་ཚད་ཆ་སྙོམས་བྱས་ན་སྟོང་སྨི་ངོས་གྲུ་1.5ནང་ཚུན་ཡིན་པ་དང་། 2009ལོ་ནས་2016ལོའི་བར་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་འགྲོ་ཚད་ཅུང་མཐོ་ཞིང་། 2016ལོའི་ཟླ་བ་དགུ་པར་མཚོ་སྔོན་པོའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་4429.3ཟིན་པ་དེ་2004ལོའི་ཟླ་བ་དགུ་པའི་སྟོང་སྨི་ངོས་གྲུ་4259.6དང་བསྡུར་ན་སྟོང་སྨི་ངོས་གྲུ་169.7འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།