འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་འདི་ལོ་མ་དངུལ་སྒོར་དུང་ཕྱུར་2700བཏང་ནས"དྲ་བ་ལྔ"བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་25ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་23ཉིན་གྱི་སྔ་དྲོ། ཁུན་མིང་ཁྲང་ཧྲུའེ་རྒྱལ་ཁབ་ཀྱི་ལྟེ་བའི་གནམ་ཐང་གཙོ་བོའི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལས་འགོ་ཚུགས་ཡུལ་དུ་ཡུན་ནན་ཞིང་ཆེན་གྱི“དྲ་བ་ལྔ”བསྐྲུན་རྒྱུའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། ད་རེས་ཀྱི་གཅིག་སྡུད་ལས་འགོ་འཛུགས་རྒྱུའི་རྣམ་གྲངས་15དེ་དག་ལམ་དྲ་དང་། མཁའ་འགྲུལ་དྲ་བ། ནུས་རྒྱུ་འགན་ལེན་དྲ་བ། ཆུ་དྲ། དྲ་སྦྲེལ་དྲ་བ་བཅས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཆེ་གྲས་ལྔ་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་1200ཙམ་བཏང་བ་དེ་ཀྲོའུ་དང་གྲོང་ཁྱེར་9ལ་ཁྱབ་ཡོད། ཡུན་ནན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཧུང་པོ་ཡིས་2016ལོར་ཡུན་ནན་ཞིང་ཆེན་གྱི“དྲ་བ་ལྔའི”རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་2687བཏང་བ་དེས་སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་གྱི་17%ལྷག་ཙམ་བཟུང་བ་དང་2017ལོ་འཁོར་མོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་2700ལས་བརྒལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
            གསར་འགོད་པར་ཚོགས་ར་གཙོ་བོའི་ཁུན་མིང་ཁྲང་ཧྲུའེ་གནམ་ཐང་གི་བྱང་མ་མཁའ་འགྲུལ་ས་ཚིགས་ནས་ཤེས་རྟོགས་བྱུང་བར། ཁྲང་ཧྲུའེ་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་42.5བཏང་ནས་S1སྲུང་སྐར་ཚོམས་ཆེན་གནམ་གྲུ་སྒུག་ཁང་གསར་སྐྲུན་གྱིས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11ལྷག་ཙམ་བཟུང་ཡོད་པ་རེད། ཁང་དེ་བསྐྲུན་ཟིན་རྗེས་གྲངས་ཐང་འཕྲུལ་འཁོར་དང་། བདེ་འཇགས་ཞིབ་བཤེར། རྡོག་ཆས་དབོར་ལེན་སོགས་ཀྱི་ནུས་པ་ད་ཡོད་ཀྱི་T1མཁའ་འགྲུལ་ས་ཚིགས་སྒྱུར་བཀོད་བྱས་པ་ལས་ཐོན་རྒྱུ་དང་T1མཁའ་འགྲུལ་ཐོག་བརྩེགས་ཁང་ཆེན་དང་S1སྲུང་སྐར་ཚོམས་ཆེན་འབྲེལ་མཐུད་ཀྱི་འཁོར་ལམ་ལྡན་པའི་གློག་སྒུལ་འཁོར་ལོའི་མ་ལག་བརྒྱུད་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུ་རེད། ཡུན་ནན་གནམ་ཐང་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཀྲོའུ་ཁའེ་ཡིས་ངོ་སྤྲོད་བྱས་པར། ཚོགས་པ་དེས་རྒྱུག་ལམ་5དང་། མཁའ་འགྲུལ་ཐོག་བརྩེགས་ཁང་ཆེན་3 སྲུང་སྐར་ཐོག་བརྩེགས་ཁང་ཆེན་2བཅས་བསྐྲུན་ནས་ལོར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་9500ཡི་གཞི་ཁྱོན་གཏོད་ཐུབ་པ་བྱས་ཏེ་ཁུན་མིང་གནམ་ཐང་གི་གཞི་ཁྱོན་ཧྲིལ་པོ་བཟོ་བཅོས་བྱ་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་རེད། 2016ལོར་ཁུན་མིང་གནམ་ཐང་གིས་འགྲུལ་པ་མི་ཐེངས་ཁྲི་4198སྐྱེལ་འདྲེན་བྱས་པས་རྒྱལ་ཡོངས་ཀྱི་ཨང་ལྔ་པ་དང་གོ་ལ་ཧྲིལ་པོའི་ཨང་38ལ་སླེབས་ནས་དེ་སྔ་ཇུས་འགོད་བྱས་པའི་ཤོང་ཚད་ལས་ལོ་5ཡིས་སྔ་སྣུར་དུ་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།