འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་3ཚེས་1ཉིན་ནས་བཟུང་《སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་འདེགས་》ཚད་གཞི་གསར་
    པ་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན་གསར་དུ་བཟོ་བཅོས་བརྒྱབ་པའི་《སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་འདེགས་》དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་དང་ཚེས་21ཉིན་ཚད་གཞི་གསར་པའི་ཞབས་འདེགས་ཀྱི་བླང་བྱ་དང་རྒྱབ་སྐྱོར་འགན་འཁྲི་སོགས་ཀྱི་ནང་དོན་ཐད་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་གསལ་འགྲེལ་བྱས་ཡོད་པ་རེད། རྒྱལ་ཁབ་སྦྲག་སྲིད་ཅུས་ཡོངས་ཁྱབ་ཞབས་འདེགས་སིའི་སི་ཀྲང་མཱ་ཤུས་ལིན་གྱིས་བཟོ་བཅོས་བརྒྱབ་རྗེས་ཀྱི་སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་འདེགས་ཚད་གཞི་ཤུགས་ཆེན་བཏང་བས་འབོག་སྒྲིལ་འབྱོར་མགྱོགས་སུ་སོང་བ་མ་ཟད། སྒོ་ཁར་བསྐྱལ་ཏེ་འཛད་སྤྱོད་པར་དེ་བས་སྟབས་བདེ་བསྐྲུན་ཡོད་ཅེས་བཤད།
         མཱ་ཞུས་ལིན་གྱིས་ཚད་གཞི་གསར་པའི་ནང་འབོག་སྒྲིལ་གྱི་ལམ་ཐག་དུས་ཚད་མངོན་གསལ་དོད་པོས་ཐུང་དུ་བཏང་ནས་ཞིང་ཆེན་དབར་གྱི་ས་ཁུལ་ཡན་གྱི་གྲོང་ཁྱེར་དབར་དང་ཞིང་ཆེན་དབར་གྱི་ས་ཁུལ་གཞན་དག་དབར་གྱི་དུས་ཚད་རིང་ཤོས་ད་ལྟ་ལག་ལེན་བསྟར་བའི་ཚད་གཞི་ཉིན་9དང་15ནས་ཉིན་7དང་8བར་ཐུང་དུ་བཏང་ནས་ཚད་གཞི་22.2%དང་46.7%བར་རིམ་པ་སྤར་བ། འབོག་སྒྲིལ་དང་པར་སྐྲུན་དངོས་པོའི་ལམ་ཐག་ཧྲིལ་པོའི་དུས་ཚད་ཞིང་ཆེན་དབར་གྱི་ས་ཁུལ་ཡན་གྱི་གྲོང་ཁྱེར་དབར་དང་ཞིང་ཆེན་དབར་གྱི་ས་ཁུལ་གཞན་དག་དབར་དེ་སྔའི་ཉིན་15དང་20ནས་ཉིན་8དང་9བར་ཐུང་དུ་བཏང་སྟེ་ད་ལྟ་ལག་ལེན་བསྟར་བའི་ཚད་གཞི་ལས་46.7%དང་55.5%བར་སོ་སོར་རིམ་པ་སྤར་ཡོད། དུས་མཚུངས་གྲོང་ཁྱེར་གཅིག་མཚུངས་དང་ཞིང་ཆེན་ནང་ཁུལ་གྱི་འབོག་སྒྲིལ་ཇེ་མང་དུ་འགྲོ་བ་མ་ཟད་འཛད་སྤྱོད་པའི་སྦྲག་ཐོག་འབོག་སྒྲིལ་སྐུར་བའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་དམིགས་ནས། ཚད་གཞི་གསར་པའི་ནང་གྲོང་ཁྱེར་གཅིག་མཚུངས་དང་ཞིང་ཆེན་ནང་ཁུལ་གྱི་འབོག་སྒྲིལ་གྱི་དུས་ཚད་ཚད་གཞི་གསར་སྣོན་བྱས་ཏེ་རྣམ་གྲངས་དེའི་སྟོང་ཆ་བསྐངས་ཡོད་ཅེས་ངོ་སྤྲོད་བྱས།
         མངོན་གསལ་དོད་པའི་འགྱུར་ལྡོག་གཞན་ཞིག་ནི་ཚད་གཞི་གསར་པའི་ནང་སྦྲག་སྲིད་ཀྱི་འབོག་སྒྲིལ་སྐུར་སྟངས་ལེགས་བཅོས་བྱས་ཏེ་འབོག་སྒྲིལ་ལེན་པའི་བརྡ་ཐོ་བཏང་བ་ནས་ས་གནས་གཞིར་བཟུང་འབོག་སྒྲིལ་དངོས་སུ་སྐྱེལ་གྱི་ཡོད། མཱ་ཤུས་ལིན་གྱིས་གྲོང་ཁྱེར་གྱི་འབོག་སྒྲིལ་ཚང་མ་ས་གནས་གཞིར་བཟུང་སྐུར་བ་དང་གྲོང་གསེབ་ས་ཁུལ་(ཤང་དང་གྲོང་རྡལ་སྲིད་གཞུང་གནས་ཡུལ་དང་ཤང་དང་གྲོང་རྡལ་གྱི་ས་ཁུལ་གཞན་དག་ཚུད་པ་)གྱི་སྤྱི་རྒྱ་5མན་གྱི་འབོག་སྒྲིལ་ས་གནས་གཞིར་བཟུང་དུད་ཚང་ངམ་ཡང་ན་གྲོང་ཚོའི་སྦྲག་སྲིད་ས་ཚིགས་སུ་སྐྱེལ་བ་དང་སྤྱི་རྒྱ་5ཡན་གྱི་འབོག་སྒྲིལ་ཡིན་ཕྱིན་འབོག་སྒྲིལ་ལེན་པའི་བརྡ་ཐོ་གཏོང་གི་ཡོད་པ་དེས་འཛད་སྤྱོད་པར་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད་ཚང་མའི་སྦྲག་སྲིད་ཀྱི་དགོས་མཁོ་གསར་པ་བསྐངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།