འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན། རྒྱལ་ཡོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་མཇུག་འགྲིལ་བ་དང་། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་མཇུག་ཤོས་དེར་སྔོན་དཔག་ལྟར་ན་རྒྱལ་ཡོངས་ལྕགས་ལམ་ཅུས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་770སྐྱེལ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་364མང་དུ་གཏོང་རྒྱུ་རེད།
         སྔོན་དཔག་ལྟར་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་དང་འགྲུལ་སྐྱེལ་བྱེད་ཚད་སླར་ཡང་ཟིན་ཐོ་གསར་པ་གཏོད་རྒྱུ་རེད། དེའི་ནང་པེ་ཅིང་ལྕགས་ལམ་ཅུས་ཀྱི་འགྲུལ་སྐྱེལ་བྱེད་ཚད་ཐོག་མར་མི་ཁྲི་3000ལྷག་ཙམ་ཟིན་པ་དང་། ཤིས་ཨན་ལྕགས་ལམ་ཅུས་ཀྱིས་མང་དུ་བཏང་བའི་མྱུར་བགྲོད་མེ་འཁོར་གྱི་ཁ་གྲངས་དེ་སྤྱིར་བཏང་མྱུར་ཚད་མེ་འཁོར་གྱི་ཁ་གྲངས་ལས་ཐོག་མར་བརྒལ་ཡོད་པ་རེད། ཁྲེང་ཏུའུ་ལྕགས་ལམ་ཅུས་ཀྱིས་ཉིན་རེར་ཆ་སྙོམས་མེ་འཁོར་560ལྷག་ཙམ་མང་དུ་བཏང་ནས་ལོ་མང་རིང་གི་དཔྱིད་གསར་སྐྱེལ་འདྲེན་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ཅི་ནན་ལྕགས་ལམ་ཅུས་ཀྱིས་སྐྱེལ་འདྲེན་བྱས་པའི་འགྲུལ་པ་ཕྱེད་ཀ་ལྷག་ཙམ་གྱིས་མྱུར་བགྲོད་ལྕགས་ལམ་གྱི་སྟབས་བདེ་མྱོང་ཚོར་ཐུབ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།