འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྲོས་
    གཞི་ཁག་5769ཕུལ་བར་སྒྲུབ་ལན་སློག་ཚད་99.84%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་བརྡ་གཏོང་བཞུགས་མོལ་ཚོགས་འདུ་དེ་ཚེས་21ཉིན་པེ་ཅིང་དུ་འཚོགས་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཚོགས་ཞུགས་ཚན་པ་ཁག སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་གྲོས་གཞི་ཁྱོན་5769ཕུལ་བར་མིག་སྔའི་བར་སྒྲུབ་ལན་སློག་ཚད་99.84%ཟིན་ཡོད་པ་རེད།
         མིག་སྔར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞི་གྲ་སྒྲིག་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོས་གཞི་ཁག་300འབུལ་རྩིས་ཡོད་པ་དང་། ཟླ་བ་དང་པོའི་ཟླ་སྟོད་དུ་ཨུ་ཡོན་ཡོངས་ལ་《ཨུ་ཡོན་ལ་སྤྲིངས་པའི་ཡི་གེ་》ཞེས་པ་པར་འགྲེམས་བྱས་ཟིན་པ་དང་པུའུ་ཨུད་50ཡིས་གྲོས་གཞི་འདོན་པའི་དཔྱད་གཞི་344མཁོ་འདོན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།