འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ལོ་མཇུག་ཏུ་མི་སྣ་སྟོང་གི་གཏེར་ཁྲོན་གྱི་གཏེར་ཁྲོན་ནང་འཛུལ་མཁན་མི་
    གྲངས་30%ཡན་ཉུང་དུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བདེ་འཇགས་ལག་རྩལ་ལྟ་སྐུལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་རྡོ་སོལ་གཏེར་ཁའི་བདེ་འཇགས་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་ཉིན་ཤས་གོང་《ཚོགས་ཆུང་རྐྱང་པའི་གཏེར་ཁྲོན་ནང་འཛུལ་མཁན་མི་སྟོང་ལས་བརྒལ་བའི་གཏེར་ཁྲོན་ལ་ཚན་རྩལ་ལ་བརྟེན་ནས་མི་སྣ་ཉུང་དུ་གཏོང་རྒྱུའི་ལས་ཀའི་ཇུས་གཞིའི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ་)ནང་2018ལོའི་ལོ་མཇུག་ཏུ་སླེབས་སྐབས་མི་སྣ་སྟོང་གི་གཏེར་ཁྲོན་གྱི་གཏེར་ཁྲོན་ནང་འཛུལ་མཁན་གྱི་མི་གྲངས་30%ཡན་ཉུང་དུ་གཏོང་དགོས་པ་དང་ཚོགས་ཆུང་རྐྱང་པའི་གཏེར་ཁྲོན་ནང་འཛུལ་མཁན་ཆིག་སྟོང་ནང་ཚུན་དུ་ཉུང་དུ་གཏོང་དགོས་པ་མ་ཟད། ཚན་རྩལ་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
         《ཇུས་གཞིའི་》ནང་མིག་སྔར་། རང་རྒྱལ་དུ་སྔར་བཞིན་ཚོགས་ཆུང་རྐྱང་པ་ཁ་ཤས་སུ་གཏེར་ཁྲོན་ནང་འཛུལ་མཁན་ཆིག་སྟོང་ལས་བརྒལ་བའི་གཏེར་ཁྲོན་སྔར་བཞིན་གནས་ཡོད་པ་མ་ཟད། ཐོན་སྐྱེད་མ་ལག་རྙོག་འཛིང་དང་། སྔོག་འདོན་ལས་དོན་གྱི་ཁྱབ་རྒྱ་ཆེ་བ། གཏེར་ཁ་སྔོག་མཁན་མང་བ། འཕྲུལ་ཆས་ཅན་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་པོ་མེད་པ་བཅས་ཀྱི་རྐྱེན་པས་དོན་རྐྱེན་ཐོན་ཚེ་མི་སྣ་ཤི་རྨས་མང་བའི་གནས་ཚུལ་ཐོན་རྒྱུ་ཡིན་པ་བསྟན་ཡོད།
         གཏེར་རིའི་ཁེ་ལས་ཀྱིས་འཕྲུལ་ཆས་ཅན་དང་རང་འགུལ་ཅན་གྱི་ལག་རྩལ་སྒྱུར་བཀོད་ལ་སྐུལ་འདེད་དང་གཏེར་ཁྲོན་ནང་འཛུལ་མཁན་མི་གྲངས་ཉུང་དུ་གཏོང་ཆེད། 《ཇུས་གཞིའི་》ནང་མི་སྣ་ཉུང་གཏོང་གི་ལག་རྩལ་ཞིབ་འཇུག་སྙན་ཞུ་བཟོ་རྒྱུ་དང་། མི་སྣ་ཉུང་གཏོང་གི་ལས་གྲྭ་སྒྲིག་འཛུགས་ལག་བསྟར། སྔོན་ཐོན་ལག་རྩལ་སྒྲིག་ཆས་ཞིབ་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན། རྗེས་ལུས་ཐོན་སྐྱེད་བཟོ་རྩལ་དང་ལག་རྩལ་སྒྲིག་ཆས་དོར་རྒྱུ། དུས་བཀག་ཐོག་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་སོགས་ཀྱི་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཡོད།
         《ཇུས་གཞིའི་》ནང་དུས་མཚམས་གསུམ་ལ་ཕྱེ་ནས་2018ལོའི་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་སླེབས་སྐབས་ཞིབ་བཤེར་རྩིས་ལེན་སྒྲིག་འཛུགས་དང་ཕྱོགས་སྡོམ་ཚོད་སྐོར་བྱས་ནས་གཏེར་ཁྲོན་ཐད“འཕྲུལ་ཆས་ཀྱིས་མིའི་ཚབ་བྱེད་པ་དང་རང་འགུལ་ཅན་ལ་བརྟེན་ནས་མི་སྣ་ཉུང་དུ་གཏོང་བའི”ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་བསམ་འཆར་བཏོན་ཏེ་ཕྱོགས་ཡོངས་ནས་གཏེར་རིའི་ཁེ་ལས་ཀྱིས་མི་བརྗེ་པོ་རྒྱག་པ་དང་མི་ཉུང་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།