འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལྗར་པན་ལ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྱི་ཀྲུང་གོ་བས་APAམགྲོན་
    ཁང་དུ་གཡས་རུ་པའི་དཔེ་དེབ་བསྒྲིགས་པར་རྒོལ་གཏམ་གཏོང་བའི་ཁྲོམ་
    སྐོར་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྗར་པན་ལ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྱི་ཀྲུང་གོ་བས་APAམགྲོན་
ཁང་དུ་གཡས་རུ་པའི་དཔེ་དེབ་བསྒྲིགས་པར་རྒོལ་གཏམ་གཏོང་བའི་ཁྲོམ་
སྐོར་བྱེད་སྒོ་སྤེལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན། མི་གྲངས་བརྒྱ་ལ་ཉེ་བའི་ཕྱི་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྱི་ཀྲུང་གོ་བས་ལྗར་པན་གྱི་རྒྱལ་ས་ཐོ་ཁེའོ་གྲོང་ཁྱེར་དུ་APAམགྲོན་ཁང་དུ་གཡས་རུ་པའི་དཔེ་དེབ་བསྒྲིགས་པར་རྒོལ་གཏམ་གཏོང་བའི་ཞི་བས་ཁྲོམ་སྐོར་བྱེད་སྒོ་སྤེལ་ཞིང་། ཁྲོམ་སྐོར་རུ་ཁག་གིས"གཏམ་བརྗོད་ཀྱི་རང་དབང་དགོས་མོད། འོན་ཀྱང་སྐྱེས་ཐོབ་ཀྱི་ཤེས་རིག་དགོས"ཞེས་པ་དང་། "ཞི་བདེར་གཙིགས་འཛིན་བྱ་དགོས"ཞེས་པ་སོགས་ཀྱི་འཕྲེད་འགེལ་ཡིག་གཟུགས་མཐོན་པོར་བསྒྲེངས་ནས་APAམགྲོན་ཁང་ལ་རྒོལ་གཏམ་བཏང་ནས་ཀྲུང་ལྗར་མཛའ་མཐུན་ཡོང་བར་བྱ་རྒྱུའི་རེ་འབོད་བྱས་པ་རེད།
         ཐེངས་འདིའི་རྒོལ་གཏམ་གཏོང་བའི་བྱེད་སྒོ་ནི"ཀྲུང་ལྗར་དམངས་ཁྲོད་མཛའ་མཐུན་ཨུ་ཡོན་ལྷན་ཁང"གིས་སྐུལ་སློང་བྱས་པ་ཡིན་ཞིང་། ཁྲོམ་སྐོར་རུ་ཁག་ཞིན་སུའུ་ཀྲུང་དབྱང་སྤྱི་གླིང་ནས་རྡོག་ཐོན་ཏེ་APAམགྲོན་ཁང་གི་ཞིན་སུའུ་གོང་མའི་སྐྱེད་ཚལ་མདུན་ཁང་དུ་བརྒྱུད་སྐབས་ལྗར་པན་གྱི་གཡས་རུ་པ་ཚོའི་བསྐོར་རྒོལ་ཐེབས་པ་རེད། གཡས་རུ་པ་འགའ་ཤས་ཀྱིས་ཉེན་རྟོག་པའི་འགོག་སྲུང་ས་ཐིག་ལས་བརྒལ་ནས་ཁྲོམ་སྐོར་རུ་ཁག་ནང་དུ་འཛུལ་ཐབས་ཐེངས་མང་པོ་བྱས་རུང་ཚང་མ་ཉེན་རྟོག་པས་བཀག་པ་རེད། རྒོལ་གཏམ་གཏོང་བའི་བྱེད་སྒོ་དུས་ཡུན་ཆུ་ཚོད་1རིང་རྒྱུན་མཐུད་བྱས་པ་དང་། ཁྲོམ་སྐོར་ལ་ཞུགས་པའི་ཕྱི་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྱི་ཀྲུང་གོ་བ་ཚོས་གོ་རིམ་ཡོངས་སུ་བབ་བརླིང་རྒྱུན་འཁྱོངས་དང་། རང་གཅུན་རང་ཚོད་ཟིན་པའི་སྒོ་ནས་རེ་ཞུ་བྱས་པ་རེད། བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་ཐེངས་འདིའི་ཁྲོམ་སྐོར་ནི་ཀྲུང་གོ་དང་ལྗར་པན་བར་གྱི་མཛའ་མཐུན་སྲུང་སྐྱོང་བྱེད་ཆེད་ཡིན་ཞིང་། APAདོན་རྐྱེན་བཟོ་མཁན་གྱིས་ལྗར་པན་མང་ཚོགས་ཀྱི་ཚབ་བྱེད་མི་ནུས་པས། ཞི་བདེ་ལ་དགའ་བའི་ཀྲུང་གོ་བ་ཚོས་རྒྱལ་ཁབ་གཉིས་བར་གྱི་ཞི་བདེ་མཛའ་མཐུན་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་བྱ་དགོས་ཞེས་བསྟན་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།