འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བུ་བཙའ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་བསྟར་
    བྱས་རྗེས་ཐོབ་ཐང་ལ་འགྱུར་ལྡོག་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《བུ་བཙའ་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱེད་པའི་ཚོད་ལྟའི་ཇུས་གཞི་》པར་བཀྲམས་ཤིང་། ཉེན་ཁའི་རིགས་རང་སོར་འཇོག་པ་དང་། ཐོབ་ཐང་འགན་ལེན། གཅིག་གྱུར་དོ་དམ། མ་གནས་དམའ་རུ་གཏོང་བ་བཅས་ལ་གཞིགས་ནས་བསམ་ཕྱོགས་བཏོན་ཏེ། ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་དང་། ཧྲན་ཤིས་ཞིང་ཆེན་ཅིན་ཀྲུང་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན་ཧྲེན་ཡང་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར། ཨན་ཧུའེ་ཞིང་ཆེན་ཧོ་ཕེ་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན་ཝུའེ་ཧའེ་གྲོང་ཁྱེར། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན་གཡོད་ཡང་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར། ཁྲུང་ཆིང་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་བཅས་སུ་འགན་བཅོལ་རིགས་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་ཚོད་ལྟ་བྱ་རྒྱུ་རེད། ཚོད་ལྟ་དེ་2017ལོའི་ཟླ་6པའི་ཟླ་མཇུག་གོང་དུ་བྱ་རྒྱུ་དང་ཚོད་ལྟ་བྱེད་ཡུན་ནི་ལོ་གཅིག་ཙམ་ཡིན་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་བུ་བཙའ་འགན་ལེན་ལམ་ལུགས་དེ་དུས་རབས་གོང་མའི་ལོ་རབས་50པའི་དུས་འགོར་བཟོས་པ་དང་། དེའི་ནང་ཚན་པས་ལས་བཟོའི་བུ་བཙའི་རིང་གི་འབྲེལ་ཡོད་ཐོབ་ཐང་གི་འགན་འཁུར་བའི་བྱེད་ཐབས་གཙོ་བོ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་བཙའ་གསོའི་ངལ་གསོའི་རིང་གི་གླ་ཕོགས་དེ་བུ་བཙའ་འགན་བཅོལ་ཐེབས་རྩས་བུ་བཙའི་ཁ་གསབ་ཀྱི་རྣམ་པའི་ཐོག་ནས་སྤྲོད་ཀྱི་ཡོད། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་བུ་བཙའ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་1.84ཟིན་པ་དང་། དུས་ཐེངས་དེའི་ཐེབས་རྩར་ཡོང་འབབ་སྒོར་དུང་ཕྱུར་519དང་གཏོང་སྒོ་སྒོར་དུང་ཕྱུར་527ཟིན་པ། རིམ་རྩིས་བརྒྱབ་ན་མ་དངུལ་ལྷག་འཕྲོ་སྒོར་དུང་ཕྱུར་676ཟིན་པ། རྒྱལ་ཡོངས་སུ་བུ་བཙའ་འགན་བཅོལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་མཁན་མི་ཐེངས་ཁྲི་808ཡོད་པ་རེད།
        《ཚོད་ལྟའི་ཇུས་གཞིའི་》ནང་། “གཅིག་གྱུར་བཞི་དང་། འགྱུར་ལྡོག་མེད་པ་གཅིག”ཁ་གསལ་བཏོན་པ་སྟེ། གཅིག་ནས་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་གཅིག་གྱུར་དང་། གཉིས་ནས་མ་དངུལ་བསྡུ་ལེན་དང་དོ་དམ་གཅིག་གྱུར། གསུམ་ནས་སྨན་བཅོས་ཞབས་ཞུའི་དོ་དམ་གཅིག་གྱུར། བཞི་ནས་གཉེར་སྒྲུབ་དང་ཆ་འཕྲིན་ཞབས་ཞུ་གཅིག་གྱུར་བཅས་བྱས་ནས་ལས་བཟོ་ཚོར་སྟབས་བདེ་ལ་མྱུར་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། “འགྱུར་ལྡོག་མེད་པ་གཅིག”ནི་ལས་བཟོའི་བུ་བཙའི་རིང་གི་བུ་བཙའ་འགན་བཅོལ་གྱི་ཐོབ་ཐང་ལ་འགྱུར་ལྡོག་མེད་པ་དེ་རེད།
        ད་རེས་ཀྱི་《ཚོད་ལྟའི་ཇུས་གཞིའི་》ནང་། “བུ་བཙའ་འགན་བཅོལ་གྱི་མ་དངུལ་དེ་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་མ་དངུལ་དང་ཟླ་སྒྲིལ་བཏང་བ”ཞེས་བསྟན་པ་དེ་《སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་ལས་ཚད་བརྒལ་བྱུང་ཡོད། མི་ཤུགས་སྤྱི་ཚོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོད་ལྟའི་ལག་བསྟར་བྱེད་རིང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཏན་འབེབས་ལེགས་སྒྲིག་འོས་འཚམ་བྱས་ནས་ལག་བསྟར་བྱ་རྒྱུའི་དབང་ཆ་གནང་རྒྱུའི་རེ་འདུན་ཞུས་པ་དེ་ཐོག་ནས་ད་རེས་ཀྱི་ཚོད་ལྟ་དེ་ཁྲིམས་ལྟར་སྲིད་འཛིན་ལ་བརྩི་སྲུང་ནན་པོ་ཞུ་བའི་བླང་བྱ་གང་ལེགས་མངོན་ཡོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།