འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་ཐབས་ཤེས་སྣ་ཚོགས་སྤྱད་ནས"གནམ་
    འོག་ཏུ་མི་འཚོང་རྒྱག་མཁན་མེད་པ་"མངོན་འགྱུར་ཐུབ་རེ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་ལས་དོན་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་ཡང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་བུད་མེད་དང་བྱིས་པ་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས“མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་ཐབས་ཤེས”སྤྱད་ནས“དམངས་ཡོངས་ཀྱིས་མི་འཚོང་རྒྱག་པར་ངོ་རྒོལ”བྱ་རྒྱུར་སྐུལ་སློང་བྱེད་པ་དང་དེ་ནས་རྒྱལ་སྒྲོལ་མཉམ་ལས་ཀྱིས་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་འགོག་སྲུང་འཛིང་རགས་གཏོད་པ་སོགས་སྤྱི་བདེའི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཚ་རླབས་ཆེན་པོའི་ནང་སྤྱི་བདེ་པུས་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི“ཐབས་ཤེས་སྣ་ཚོགས”སྤྱད་ནས“གནམ་འོག་ཏུ་མི་འཚོང་རྒྱག་མཁན་མེད་པ”མངོན་འགྱུར་ཐུབ་རེ་བྱ་རྒྱུ་ཡིན་པ་རེད།
        མི་འཚོང་རྒྱག་པར་རྡུང་རྡེག་གཏོང་རྒྱུ་དེ“དྲ་སྦྲེལ་+”ཡི་དུས་རབས་སུ་སླེབས་པ།
        ཁྱེད་ལ་གྲངས་འཛིན་ས་བཀྲ་དང་ཏི་ཏིའི་བདལ་གཏོང་རླངས་འཁོར་སྒུག་པ་སོགས་ལག་ཐོགས་ཁ་པར་གྱི་APPནས་བཏང་བའི་བྱིས་པ་བོར་བརླག་གི་ཆ་འཕྲིན་འབྱོར་མྱོང་ངམ། ཡང་ན་དཔོད་ཕྲན་ཁ་ཕྱེ་སྐབས“སྤྱི་བདེ་པུའི་བྱིས་པ་བོར་བརླག་སོང་བའི་ཆ་འཕྲིན་གྱི་ཛ་དྲག་ཡོངས་བསྒྲགས་སྟེགས་བུའི”གཞུང་ཕྱོགས་དཔོད་ཕྲན་ནས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་ཁུར་བྱེད་མྱོང་ངམ། བྱིས་པ་བོར་བརླག་སོང་བའི་ཆ་འཕྲིན་དེ་དག་ནི་སྤྱི་བདེ་པུའི་བྱིས་པ་བོར་བརླག་སོང་བའི་ཆ་འཕྲིན་གྱི་ཛ་དྲག་ཡོངས་བསྒྲགས་སྟེགས་བུ་ནས་བཏང་བ་རེད།
        2016ལོའི་ཟླ་5ཚེས་15ཉིན་སྤྱི་བདེ་པུའི་བྱིས་པ་བོར་བརླག་སོང་བའི་ཆ་འཕྲིན་གྱི་ཛ་དྲག་ཡོངས་བསྒྲགས་སྟེགས་བུ་དངོས་སུ་སྤྱོད་འགོ་ཚུགས་པ་དེར་ཀྲུང་གོའི་པར་མའི“ཨན་པོ་ཉེན་བརྡ”ཞེས་བརྗོད་ཀྱི་ཡོད། སྟེགས་བུ་དེས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་མི་འཚོང་རྒྱག་མཁན་རྡུང་རྡེག་གཏོང་མཁན་ཉེན་རྟོག་པར་གཞོགས་འདེགས་བྱས་ཏེ་ས་གནས་ཁག་ཏུ་བྱིས་པ་བོར་བརླག་སོང་བའི་ཆ་འཕྲིན་དུས་ཐོག་ཏུ་གཏོང་གི་ཡོད་པ་དང་ཆབས་ཅིག་བྱིས་པ་བོར་བརླག་སོང་ཡུལ་ཉེ་འགྲམ་གྱི་ཁྱབ་ཁོངས་ངེས་ཅན་ནང་གི་འབྲེལ་ཡོད་ཚོགས་སྤྱིར་རང་འགུལ་ངང་བཏང་ནས་མང་ཚོགས་དེ་བས་མང་བར་འབྲེལ་ཡོད་ཆ་འཕྲིན་ཡང་དག་ཐོབ་པ་དང་བྱིས་པ་བོར་བརླག་སོང་བའི་ཁུངས་སྣེ་རང་འགུལ་ངང་མཁོ་འདོན་བྱེད་པ་དང་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་མི་འཚོང་རྒྱག་པའི་གྱོད་གཞི་རྩད་ཆོད་ཀྱིས་བོར་བརླག་སོང་བའི་བྱིས་པ་གང་མགྱོགས་འཚོལ་ཐུབ་པ་བྱེད་ཀྱི་ཡོད།
         2016ལོའི་ཟླ་12ཚེས་31ཉིན་བར་སྟེགས་བུ་དེ་ནས་བོར་བརླག་སོང་བའི་བྱིས་པའི་ཆ་འཕྲིན་ཁག་648ཡོངས་བསྒྲགས་བྱས་པ་དང་བྱིས་པ་611བཙལ་འཚོལ་ཐུབ་ནས་བཙལ་འཚོལ་ཐུབ་ཚད་94.29%ཟིན་པའི་ནང་མི་འཚོང་བརྒྱབ་པའི་བྱིས་པ་27བསྐྱབས་པ་དང་ཁྱིམ་ནས་བྲོས་བྱོལ་དུ་སོང་བའི་བྱིས་པ་358བཙལ་འཚོལ་བྱས་ཡོད།
         མི་འཚོང་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཟངས་གྱང་ལྕགས་རྩིག་བསྐྲུན་པ།
         ཕྱོགས་གཅིག་ནས་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་དམངས་ཤུགས་ལ་བརྟེན་ནས་མཉམ་འགོག་མཉམ་བཅོས་ཀྱི་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་བདེ་ལས་ཁུངས་ཀྱིས་ཆེད་དོན་བྱ་སྤྱོད་དང་རྒྱལ་སྒྲོལ་མཉམ་ལས་སོགས་ཀྱི་བྱེད་ཐབས་རྒྱུན་ཆད་མེད་པར་སྤྱད་དེ་ཉེས་ཅན་པ་བྲོས་བྱོལ་བྱེད་ཡུལ་གཏན་ནས་མེད་པ་བྱས་ཡོད།
         ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་དཀའ། རྒྱལ་སྒྲོལ་གྱིས་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་བྱ་སྤྱོད་དང་ཁྲིམས་འཛིན་མཉམ་ལས་ཀྱིས་མཐའ་མཚམས་ས་ཁུལ་དུ་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་ཟངས་གྱང་ལྕགས་རྩིག་བསྐྲུན་ནས་ཉེས་ཅན་པ་ཐར་ཐབས་མེད་པ་བཟོས་ཡོད།
        མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་གྱི་རྨང་གཞི་བརྟན་དུ་བཏང་བ།
        ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མི་འཚོང་རྒྱག་པར་ལ་རྡུང་རྡེག་གཏོང་བའི་ལས་ཀའི་དོན་དངོས་ལ་གཞི་ཚུགས་ནས་དོན་དངོས་ཁྲོད་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ་འབྲེལ་ཡོད་ལས་ཀའི་ལམ་སྲོལ་དང་བཅའ་ཁྲིམས་ལམ་ལུགས་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ཐོག“འགོག”དང“འགན་ལེན”ཐོག་ཤུགས་ཧུར་ཐག་བརྒྱབ་སྟེ་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་ལས་དོན་ཡུན་རིང་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
        —ཉོ་འཚོང་མེད་ན་མི་འཚོང་རྒྱག་མཁན་མེད། དེ་སྔ“ཉོ་འཚོང་བྱེད་པར་ཕལ་ཆེར་འགན་འཁྲི་བདའ་འདེད་མི་བྱེད་པ”དང“ཉོ་མཁན་ཕྱོགས་ལ་ཉེན་ཁ་མེད་པ”ནི་བུད་མེད་དང་བྱིས་པ་བསླུས་འཚོང་གི་ཉེས་གསོག་ཡང་ཡང་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། འབྱུང་རྩ་ནས་མི་འཚོང་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་ཆེད་སྤྱི་བདེ་པུས་ཁྲིམས་འཛུགས་ལས་ཁུངས་དང་མཉམ་དུ་ཉེས་ཁྲིམས་ཞིབ་འཇུག་དང་བཟོ་བཅོས་བྱས་པ་དང་། ཉེས་ཁྲིམས་བཟོ་བཅོས་འཆར་ཟིན(དགུ་པ)ནང་མི་འཚོང་བརྒྱབ་པའི་བུད་མེད་དང་བྱིས་པ་ཉོ་བའི་བྱེད་སྤྱོད་མཐའ་དག་ལ་ཉེས་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་། བཟོ་བཅོས་འཆར་ཟིན་དེ་2015ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཏེ་མི་འཚོང་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་ཆེད་ཉོ་མཁན་ཁྲོམ་རར་བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་ཡོད།
        —བྱིས་པ་བོར་བརླག་སོང་བའི་གནས་ཚུལ་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་མ་བྱས་ན་ཇི་ལྟར་བྱེད་དགོས་སམ། གང་འདྲ་ཞིག་ལ་ཕྲུ་གུ་དམར་འབྱར་བརྐུས་འཚོང་ཟེར་རམ། ཇི་ལྟར་བྱས་ནས་རྒྱུན་གཏན་གྱི་གཉེན་སྒྲིག་ངོ་སྤྲོད་དང་དེར་ཁ་གཡར་ནས་བུད་མེད་མི་འཚོང་རྒྱག་པའི་ཉེས་གསོག་གི་དབྱེ་བ་ཕྱེ་དགོས་སམ། སྤྱི་བདེ་པུས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་པུའུ་བཅས་དང་མཉམ་དུ་ཞིབ་འཇུག་བྱས་ཡོད། 2016ལོའི་ཟླ་12པར་ཁྲིམས་འཛིན་འགྲེལ་བཤད་བཏོན་ཟིན་པའི་རྨང་གཞིའི་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《མི་འཚོང་བརྒྱབ་པའི་བུད་མེད་དང་བྱིས་པའི་ཉེས་གསོག་གྱོད་གཞིར་ཞིབ་གཅོད་བྱ་རྒྱུའི་ཞིབ་ཕྲའི་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད》སླར་ཡང་བཏོན་ནས་མི་འཚོང་རྒྱག་པའི་གྱོད་གཞིའི་བཅའ་ཁྲིམས་དང་འཚམ་པའི་ཐད་གནས་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
        —མི་འཚོང་རྒྱག་པའི་གནོད་འཚེ་ཕོག་པ་བཀོད་སྒྲིག་དང་གསོ་ཉར་བྱེད་དཀའ་ཚེ་ཇི་ལྟར་བྱེད་དགོས་སམ། 2015ལོའི་ཟླ་8པར་སྤྱི་བདེ་པུས་དམངས་སྲིད་པུའུ་དང་མཉམ་འབྲེལ་ཐོག《མི་འཚོང་རྒྱག་པར་རྡུང་རྡེག་བཏང་ནས་བསྐྱབས་པའི་བྱིས་པའི་ཕ་མ་ངོ་མ་བཙལ་མི་ཐུབ་པ་གསོ་ཉར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་འབྲེལ་ཡོད་རོགས་སྐྱོབ་དང་བཀོད་སྒྲིག་ལས་དོན་འཐུས་སྒོ་ཚང་དུ་བཏང་ཡོད། གཏན་འབེབས་གཞིར་བཟུང་ཆ་རྐྱེན་དང་འཚམ་པའི་མི་འཚོང་རྒྱག་པར་རྡུང་རྡེག་བཏང་ནས་བསྐྱབས་པའི་བྱིས་པ་མགྱོགས་ཤོས་ལ་ལོ་གཅིག་དང་ཟླ་བ་གསུམ་ནས་གསོ་ཉར་བྱེད་ཆོག་གི་ཡོད་པ་རེད།
        —མི་འཚོང་བརྒྱབ་ནས་ལོ་མང་སོང་བའི་བྱིས་པའི་ངོ་རིས་ལ་འགྱུར་ལྡོག་སོང་ནས་ངོ་མ་ཤེས་ཚེ་ཇི་ལྟར་བྱེད་དགོས་སམ། སྤྱི་བདེ་པུས་2009ལོར་མི་འཚོང་རྒྱག་པར་རྡུང་རྡེག་གཏོང་བའི་DNAཡི་ཆ་འཕྲིན་མཛོད་བཙུགས་པ་དང་། ཉེ་བའི་ལོ་གཉིས་རིང་དྲ་ཐོག་ཏུ་བསྡུར་བ་དང་དྲ་འོག་ཏུ་བརྟག་དཔྱད་དང་ཞིབ་བསྡུར་སོགས་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མིག་སྔའི་བར་མི་འཚོང་བརྒྱབ་ནས་ལོ་མང་སོང་བའི་བྱིས་པ་4500ལྷག་ཙམ་ནང་མི་དང་མཉམ་འཛོམས་ཐུབ་པའི་རོགས་རམ་བྱས་ཡོད། 2016ལོར་བརླག་པའམ་ཡང་ན་མི་འཚོང་བརྒྱབ་ནས་ལོ་མང་སོང་བའི་བྱིས་པ་392བསྡུར་བ་དང་ཞིབ་བསྡུར་བྱས་རྗེས་ནང་མི་བཙལ་ཐུབ་པ་བྱུང་ཡོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།