འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་རྒྱུ་དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་
    རྒྱུའི་སྒུལ་ཤུགས་གལ་ཆེན་ཡིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་གི་གྲགས་ཅན་ཇུས་དོན་ཚོགས་པ་དང་དབྱིན་ཇིའི་གོང་མ་ཚང་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་སུའོ་ཡི་ཀྲུའུ་རེན་ལོའུ་པིན·ཉི་ཕུ་ལི་ཐེས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅའ་འདྲི་དང་ལེན་བྱེད་སྐབས། མིག་སྔར་ཡོ་རོབ་དང་ཨ་རིར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བའི་སེམས་ཤུགས་དང་བྱེད་ཐབས་མཚམས་འཇོག་བྱས་པ་མངོན་ཡོད། འོན་ཀྱང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ཉམས་རྒུད་ཐོན་མི་སྲིད་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུའི་སྒུལ་ཤུགས་གལ་ཆེན་དུ་གྱུར་རྒྱུ་རེད་ཅེས་བཤད།
        ཉི་པུའུ་ལི་ཐེས་ཨ་རི་དང་དབྱིན་ཇིས་འཛམ་གླིང་དཔལ་འབྱོར་ལ་འགོ་ཁྲིད་བྱེད་པའི་གནས་བབ་ཉམས་ཟིན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་དཔལ་འབྱོར་གོ་ལ་ཅན་གྱི་བརྒྱུད་རིམ་ནང་ཡོ་རོབ་ཀྱི་ས་ཁུལ་མང་ཆེ་བས་སློབ་གསོ་སོགས“འགྲན་རྩོད་ཀྱི་ནུས་པ་རྒྱུན་འཁྱོངས་བྱེད་པའི་གཞི་རྒྱུ་གལ་ཆེན”ལ་མ་དངུལ་གཏོང་རྒྱུ་མི་འདང་བས་ཁོང་ཚོས་འཕེལ་རྒྱས་ཐད་ནང་ངོས་ལ་ཕྱོགས་ཏེ་རང་ངོས་འཛུགས་སྐྲུན་ཡག་པོ་བྱས་ནས་གོ་ལ་ཅན་གྱི་ཁྲོད་སླར་ཡང་སྔོན་སྐྱོད་ཀྱི་གནས་བབ་ཐོབ་ཐབས་བྱེད་ཀྱི་ཡོད་ཅེས་བཤད།
        ནུབ་ཕྱོགས་ཀྱི་དབྱེ་ཞིབ་མི་སྣ་ཁ་ཤས་ཀྱིས་དབྱིན་ཇིས་སྤྱི་དམངས་ཀྱི་འདེམས་ཤོག་ལ་བརྟེན་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི”ཐག་བཅད་པ་དང་ཐེ་རོན་ཕུ་ཨ་རིའི་ཙུང་ཐུང་ལ་བདམས་པ་བརྒྱུད་གོ་ལ་ཅན་ལ་འགལ་རྐྱེན་ཆེན་པོ་འཕྲད་རྒྱུ་དང་འབྲེལ་འཕེལ་མེད་སོར་གནས་ཀྱི་གནས་ཚུལ་ཐོན་རྒྱུ་མ་ཟད། ཁྱབ་ཁོངས་ཁ་ཤས་ཉམས་ཞན་དུ་འགྲོ་བཟོ་ཡོད་པའི་ངོས་འཛིན་བྱས།
        ཉི་ཕུའུ་ལི་ཐེས་དབྱིན་ཇི་དང་ཨ་རིའི་དམངས་ཚོགས་ཀྱིས་འདེམས་ཤོག་འཕངས་ནས་ཁོང་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ཚོད་འཛིན་བྱེད་པའི་དབང་ཆ་སླར་ཡང་ཚུར་ལེན་རྒྱུའི་རེ་བ་དེ་མཚོན་ཡོད། བརྒྱུད་རིམ་དེར་གྲུབ་འབྲས་ཐོབ་སྲིད་ཀྱང་། ལོ་ལྔ་ནས་ལོ་བཅུ་བར་གྱི་དུས་ཚོད་དགོས་ཀྱི་ཡོད་པའི་ངོས་འཛིན་བྱས།
        ཉི་ཕུའུ་ལི་ཐེས་ཡོ་རོབ་དང་ཨ་རིས་གོ་ལ་ཅན་གྱི་བརྒྱུད་རིམ་ནང་ཞུགས་ཏེ་རང་ཉིད་ཀྱི་འགག་རྩའི་ཁྱབ་ཁོངས་ཀྱི་ཁྲོམ་རར་སྲུང་སྐྱོང་བྱ་རྒྱུ་མ་ཟད། གོ་ལ་ཅན་གྱི་ཆེད“དེ་བས་གདམ་ག་ལྡན་པ་དང་དེ་བས་ཏན་ཏིག་གི་རྣམ་འགྱུར”འཛིན་རྒྱུའི་ཚོད་དཔག་བྱས།
        ཁོང་གིས་སླད་ཕྱིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུ་དེ་རྒྱལ་ཁབ་ཁག་གི་རང་ངོས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ལ་བརྟེན་སྲིད་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་ལ་དེ་བས་བརྟེན་སྲིད་པའི་ངོས་འཛིན་བྱས།
        “དོན་དངོས་ཐོག་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་རྒྱུ་དེ་མིག་སྔར་དཔལ་འབྱོར་འཕར་རྒྱུའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཟིན”ཉི་ཕུའུ་ལི་ཐེས་དབྱིན་ཇི་ནས་ཨ་རི་བར་དང་། དབྱི་ཐ་ལི་ནས་འཇར་མན་བར། ཡང་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་བར་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུའི་དགོས་མཁོ་དེ་གོ་ལ་ཅན་གྱི་གནད་དོན་དུ་གྱུར་བའི་ངོས་འཛིན་བྱས།
        འདས་ཟིན་པའི་ལོ་བཅུ་གྲངས་ནང་དཔལ་འབྱོར་གཞི་གཅིག་ཅན་གྱི་ཁྲོད་རྒྱལ་སྤྱིའི་ཆབ་སྲིད་སྟོབས་ཤུགས་རིམ་གྱིས་དོ་སྙོམས་བྱུང་མོད། འོན་ཀྱང་འགྱུར་ལྡོག་དེ་རིགས་ད་ཡོད་ཀྱི་རྒྱལ་སྤྱིའི་ཕྱོགས་མང་སྒྲིག་གཞིའི་ནང་མངོན་ཐུབ་མེད། ཉི་ཕུའུ་ལི་ཐེས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་སྒྲིག་གཞིར་སྒྱུར་བཅོས་བྱེད་དགོས་པ་དང་ཡོ་རོབ་དང་ཨ་རིས་དེའི་ནང་མ་རྐང་དབང་ཆའི་གྲངས་འབོར་མང་པོ་བཟུང་བའི་ངོས་འཛིན་བྱས།
        དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”སྐོར་གླེང་སྐབས། ཉི་ཕུའུ་ལི་ཐེས་ཁེ་ཕན་དགོས་མཁོའི་དབང་གིས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ”རྗེས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་གོ་ལ་ཧྲིལ་པོའི་ནང་གི་དབྱིན་ཇིའི་གལ་ཆེའི་རང་བཞིན་ལ་འགྱུར་ལྡོག་འགྲོ་མི་སྲིད་པའི་ངོས་འཛིན་བྱས། འོན་ཀྱང་ཁོང་གིས་དུས་གཅིག་ཏུ་ཁ་ཚོན་དེ་འདྲ་གཅོད་དོན་གྱི་སྔོན་འགྲོ་ནི་དབྱིན་ཇིར་སྟོབས་ལྡན་གྱི་ཡོ་རོབ་གཅིག་མཁོ་བ་དེ་ཡིན། གལ་ཏེ་ཡོ་རོབ་ཟིང་འཁྲུག་དང་བདེ་འཇགས་མེད་ན། དབྱིན་ཇིར་གྲུབ་འབྲས་ཐོབ་རྒྱུ་སྤྲོས་བྲལ་རེད་ཅེས་ནན་བཤད་བྱས།
        ཉི་ཕུའུ་ལི་ཐེས་དབྱིན་ཇིས་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བ་དང་ཆབས་ཅིག་ཡོ་རོབ་ཀྱི་དེ་མིན་ཁོངས་མིའི་རྒྱལ་ཁབ་27ཚུད་པའི་སྟོབས་ཤུགས་གཅིག་སྒྲིལ་ལ་ཕོག་ཐུག་མི་ཕོག་པའི་ཐབས་ཤིག་འཚོལ་རྒྱུ་ཡིན་པའི་ཚོད་དཔག་བྱས། 
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།