འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་རའི་རྐང་རྩེད་སྤོ་ལོའི་དགུན་སྒར་ཁུན་མིན་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན་2016—2017ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་རའི་རྐང་རྩེད་སྤོ་ལོའི་དགུན་སྒར་བྱེད་སྒོ་ཡུན་ནན་ཞིང་ཆེན་ཁུན་མིན་ཧའེ་ཀེང་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་འགོ་ཚུགས་པ་རེད།
         ད་ཐེངས་ཀྱི་སློབ་རའི་རྐང་རྩེད་སྤོ་ལོའི་དགུན་སྒར་བྱེད་སྒོ་དུས་ཡུན་གཟའ་འཁོར་གཅིག་གཉེར་རྒྱུ་ཡིན་པ་དང་། ཀྲུང་གོ་དང་སི་ཕེན་གྱིས་མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཐོག་ལུས་རྩལ་པར་སྦྱོང་བརྡར་མཛུབ་ཁྲིད་དང་ཚད་ལེན་གདེང་འཇོག་བྱ་རྒྱུ་རེད། མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལུས་རྩལ་པའི་སྦྱོང་བརྡར་འགྲན་བསྡུར་གྱི་ཆུ་ཚད་དང་སྒར་ཁུལ་ནང་གི་ཕྱོགས་བསྡུས་འཇོན་ཐང་ལ་གཞིགས་ཏེ་ཕུལ་བྱུང་ལུས་རྩལ་པ་80ཡས་མས་བདམས་ནས་འདི་ལོའི་རྒྱལ་སྟོན་རིང་ཕྱི་རྒྱལ་དུ་དུས་ཐུང་སློབ་སྦྱོང་སྤེལ་རེས་དང་ཆེད་ལས་གསོ་སྦྱོང་བྱེད་པར་བསྐྱོད་རྒྱུ་ཡིན་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།