འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།པ་ཞི་རྒྱལ་ཁབ་ཀྱི་བྱང་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་བཙོན་ཁང་ཞིག་ཏུ་དྲག་པོའི་གྱེན་ལངས་
    བྱས་པ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་26ཏུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པ་ཞི་རྒྱལ་ཁབ་ཀྱི་བྱང་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་བཙོན་ཁང་ཞིག་ཏུ་དྲག་པོའི་གྱེན་ལངས་
བྱས་པ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་26ཏུ་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན་གྱི་ཕྱི་དྲོ་པ་ཞི་རྒྱལ་ཁབ་བྱང་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་སྲིད་གཞུང་གིས་ཉིན་དེའི་ཞོགས་པ་ཞོད་འཇགས་སུ་བཏང་བའི་ཀྲོའུ་དེའི་ཨར་ཁ་སུའུ་སི་བཙོན་ཁང་གི་དྲག་པོའི་གྱེན་ལངས་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་26ཏུ་འཕར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         བྱང་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་ཁྲིམས་འཛིན་དང་སྤྱི་དམངས་ཐིང་གི་འགོ་འཛིན་ཝེར་ཀོ་ལི་ནུའོ་ཡིས་ཉིན་དེར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཐེངས་འདིའི་བཙོན་ཁང་ནང་བྱུང་བའི་དྲག་པོའི་གྱེན་ལངས་ནི་དེ་སྔོན་ཡ་མ་ཞུན་ཀྲོའུ་དང་ལོ་ལའེ་མ་ཀྲོའུ་ཡི་བཙོན་ཁང་གི་དྲག་པོའི་གྱེན་ལངས་དོན་རྐྱེན་དང་འབྲེལ་བ་མེད་མོད། འོན་ཀྱང་དོན་རྐྱེན་དེ་གཉིས་ཀྱིས་འདིར་ཡོད་བཙོན་པ་རྣམས་ལ་ངན་སྐུལ་བཏང་ཡོད་པ་གཏན་ཁེལ་རེད་ཅེས་བརྗོད་པ་རེད།
       ཝེར་ཀོ་ལི་ནུའོ་ཡིས་མིག་སྔར་ཉུང་མཐའ་ཡང་དྲག་པོའི་གྱེན་ལངས་སློང་མཁན་བཙོན་པ་6ཞིབ་འབྱེད་བྱས་ཟིན་པ་མ་ཟད། ཁོ་ཚོ་མཉམ་འབྲེལ་བཙོན་ཁང་དུ་གནས་སྤོའི་བཙོན་འཇུག་བྱ་རྒྱུའི་རེ་ཞུ་ཡང་བྱས་ཡོད་ཅེས་བརྗོད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། རྐྱེན་ལམ་དུ་ཤོར་མཁན་དག་ཕུད། གཞན་རྨས་སྐྱོན་ཚབས་ཆེན་ཕོག་པའི་བཙོན་པ་9བྱང་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་ལྟེ་གནས་གྲོང་ཁྱེར་ན་ཐར་རུ་མྱུར་སྐྱོབ་བྱ་རྒྱུར་བསྐྱལ་བ་རེད།
    ༄༅།།པ་ཞི་རྒྱལ་ཁབ་ཀྱི་བྱང་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་ཡི་བཙོན་ཁང་ཞིག་ཏུ་དྲག་པོའི་གྱེན་ལངས་
བྱས་པ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་26ཏུ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།