འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་
    འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

    བློ་བཟང་རྒྱལ་མཚན། (2017ལོའི་ཟླ་1ཚེས་15ཉིན)

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་
འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།
             འཐུས་མི་རྣམ་པ་དང་བློ་མཐུན་རྣམ་པ།
             དེ་རིང་སྔ་དྲོ། ཚོགས་ཆེན་ཐོག་གུས་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡིད་ཆེས་གནང་བ་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་མངགས་བཅོལ་ཟབ་མོ་གནང་བ་ཞིག་ཡིན་པས་གུས་པར་འགན་འཁྲི་ཧ་ཅང་ལྗིད་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འགོ་ཁྲིད་ཚན་ཁག་རིམ་བྱུང་དང་ལྷག་པར་དུ་བློ་མཐུན་པད་མ་འཕྲིན་ལས་ཀྱིས་པན་ཀྲང་གནང་བའི་སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱི་ཚན་ཁག་གིས་རྨང་གཞི་བརྟན་པོ་བཏིང་བ་དེའི་ཐོག ཏང་དང་མི་དམངས་ལ་འགན་འཁྲི་ཆེན་པོ་ཁུར་བའི་སྙིང་སྟོབས་བཅངས་ཏེ་འགན་ནུས་རྣམ་དག་སྒྲུབ་པ་དང་། འགན་འཁྲི་ཁུར་ཕོད་པ། ལས་ཀ་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་ང་ལ་ཆོད་སེམས་ཡོད།
             དང་པོ། “འདུ་ཤེས་བཞི”བློ་ལ་བརྟན་པོ་བཅངས་ཏེ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་གསར་དུ་བདམས་ཐོན་བྱུང་བའི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཞིག་གི་ངོས་ནས་བརྗོད་ན། ངས་ངེས་པར་དུ་ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ལམ་ནན་སྲུང་གིས་བསམ་བློའི་ཐོག་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐོག་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་སྲོག་ཤིང་ལ་ལྷག་བསམ་ཟོལ་མེད་བྱེད་པ། བྱ་སྤྱོད་ཐོག་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་སྲོག་ཤིང་ལ་མིག་ལྟོས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་བཅས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱས་ནས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་རྒྱུ་ཡིན། དེ་བཞིན“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང་། “ཁྲིམས་བཞིན་བོད་སྐྱོང་དང་། ཡུན་རིང་བོད་སྐྲུན། དམངས་ཕྱུག་བོད་དར། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ཐོག གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་སྤྱིའི་དམིགས་ཚད་ལ་བསྟུན་པ་དང་ཞབས་ཞུ་བསྒྲུབས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་དར་ཆ་གསལ་སྟོན་གྱིས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་གཞི་གནད་འཕིགས་བཙལ་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཏང་གི་བླང་བྱ་དང་མི་དམངས་ཀྱི་རེ་འདུན་དང་འདུན་པ་གཅིག་མཐུན་དང་བྱ་སྤྱོད་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་རྒྱུ། གལ་ཆེའི་དོན་གནད་རིགས་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ནང་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན།
             གཉིས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་གུས་སྐྲག་བྱས་ཏེ་ཁྲིམས་བཞིན་བོད་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཁག་ནན་ཏན་བསྒྲུབས་ཏེ་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་། དམངས་གཙོའི་ཇུས་ཐག་གཅོད་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་བཅས་མཐའ་འཁྱོངས་བྱེད་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཆེ་རུ་ཏན་ཏིག་བཏང་ཐོག ཁྲིམས་བཟོའི་ཐོག་ནས་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་ནུས་པ་དང་། ལྟ་སྐུལ་གྱི་སྐུལ་འདེད་དང་འགན་སྲུང་གི་ནུས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་པོའི་ནུས་པ། ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་འགན་ནུས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཁྲིམས་ལྟར་བོད་ལྗོངས་སྐྱོང་བའི་ལས་དོན་དུས་བསྟུན་ཡར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ།
             གསུམ་པ། དམངས་ཆེད་དམིགས་ཡུལ་ཧུར་ཐག་བསྒྲུབས་ཏེ་རང་འགུལ་ངང་ལྟ་སྐུལ་དང་ལེན་ཞུ་རྒྱུ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བློ་དཀར་སེམས་དཀར་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་དང་། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་གང་ལེགས་བྱས་ནས་ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་མང་ཚོགས་ཀྱི་འདོད་བློ་ཇི་མ་ཇི་བཞིན་གསལ་ཞུ་བྱེད་རྒྱུ། དེ་བཞིན་《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། གོང་གིས་འོག་ལ་མིག་དཔེ་བསྟན་ནས་རང་འགུལ་ངང་རྩ་འཛུགས་ཀྱི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་དང་ལེན་ཞུ་རྒྱུ་ཡིན།
            ངས་བླ་ན་མེད་པའི་འགན་སེམས་བརྟན་པོ་འཆང་བ་དང་། མཆོག་ཏུ་གྱུར་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས་རང་འགན་གཙང་སྒྲུབ་དང་ལས་ཀར་རྣམ་དག་བྱས་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན།
            འཐུས་མི་རྣམ་པ་དང་བློ་མཐུན་རྣམ་པ། བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། དུས་བབ་གསར་པ་དང་ལས་འགན་གསར་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ཐེངས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བཏོན་པའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་རྒྱུ་དང་། གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གང་ཐུབ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།