འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་བགྲེས་སོང་ཞིག་དང་ཏང་གི་ཚགས་པར་དབར་གྱི་ལས་འཕྲོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            ངོ་གདོང་ཅུང་ནག་ཀྱང་གྲུང་ཤ་དོད་པའི་ཁོང་གི་ཕྱིའི་རྣམ་པར་བལྟས་ཚེ་བོད་རིགས་ས་ཁུལ་གྱི་རྒན་རྒོན་དཀྱུས་མ་གཞན་ཚོ་དང་ཁྱད་པར་གང་ཡང་མེད། འོན་ཀྱང་ཁོང་གིས་ལོ་བཅུ་ལྷག་ཙམ་རིང་རང་གྲོན་བཏང་ནས་ཏང་གི་ཚགས་པར་མངགས་ཉོ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚགས་པར་དང་ལས་འབྲེལ་ཟབ་མོ་བྱུང་ཡོད། ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་གྱི་ལོ་ན་60ལྷག་ཙམ་ལ་སླེབས་པའི་བོད་རིགས་བགྲེས་སོང་ཚེ་བྷོ་རེད།
             ནུབ་མཚོ་གྲོང་རྡལ་བདེ་སྐྱིད་ཁུལ་ཆུང་དུ་སྡོད་མཁན་བགྲེས་སོང་ཚེ་བྷོའི་ཁྱིམ་དུ་སླེབས་སྐབས་ཁོང་གིས་སྒོ་རྩར་སེམས་རྩ་འཁོལ་བའི་ངང་བསུ་བར་སླེབས་བྱུང་། ཁོང་གི་ཁྱིམ་དུ་འབྱོར་སྐབས་སྒེའུ་ཁུང་གི་འགྲམ་དུ་བཞག་པའི་ཤེལ་སྒོའི་རྒྱ་ཅོག་སྟེང་ཚགས་པར་ཁག་གཅིག་བཞག་ཡོད་པ་དེར་ལྟ་སྐབས་《མི་དམངས་ཉིན་རེའི་ཚགས་པར་》དང་《མཚོ་སྔོན་ཉིན་རེའི་ཚགས་པར》 《མདོ་ལ་རིང་མོའི་ཚགས་པར་》བཅས་འདུག ཚགས་པར་དེ་དག་ཚང་མའི་སྟེང་སྤྱིར་སྨྱུ་གུ་དམར་པོས་རྟགས་བརྒྱབ་པ་དང་སྐད་ཆ་དུམ་བུ་ཁག་གཅིག་ལའང་རྟགས་བརྒྱབ་པའི་ཤུལ་མཐོང་རྒྱུ་འདུག མ་ཟད་དེའི་འགྲམ་དུ་ད་དུང་བགྲེས་སོང་ཚེ་བྷོའི་ཟིན་བྲིས་དེབ་གཅིག་ཀྱང་བཞག་འདུག གློག་རྡུལ་དཔེ་དེབ་གང་སར་དར་ཁྱབ་ཆེ་བའི་དུས་རབས་འདིར་བབ་ཆགས་ལ་ཟོལ་མེད་ཀྱི་རྣམ་པ་དེ་ལྟ་བུ་མཐོང་སྐབས་གསར་འགོད་པར་མྱོང་ཚོར་ཟབ་མོ་བྱུང་།
             2001ལོར་བགྲེས་སོང་ཚེ་བྷོ་ལས་འཁྱུར་ངལ་གསོ་བརྒྱབ་པ་དང་ལོ་དྲུག་སོང་རྗེས་རང་ཉིད་ཀྱིས་དངུལ་བཏོན་ནས་ཚགས་པར་མངགས་ཉོ་བྱེད་འགོ་ཚུགས། “ངས་《མཚོ་སྔོན་ཉིན་རེའི་ཚགས་པར་》མངགས་ཉོ་བྱེད་པ་ནི་ཞིང་ཆེན་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཆེད་ཡིན། 《མདོ་ལ་རིང་མོའི་ཚགས་པར་》མངགས་ཉོ་བྱེད་པ་ནི་མཚོ་བྱང་ཀྲོའུ་ཡི་ཆ་འཕྲིན་ཤེས་རྟོགས་ཐུབ་ཆེད་ཡིན། རང་ཉིད་ལས་འཁྱུར་ངལ་གསོ་བརྒྱབ་རྗེས‘མཁོ་མེད་བེད་མེད་དུ་འགྱུར་མི་རུང’”ཞེས་བགྲེས་སོང་ཚེ་བྷོས་བརྗོད། ངས་ཚགས་པར་ལྟ་སྐབས་རང་ཉིད་ཀྱིས་མ་ཤེས་པའི་སར་སྨྱུ་གུས་རྟགས་བརྒྱབ་ནས་དུས་ཚོད་བྱུང་ཚེ་གྲོགས་པོ་ཚོ་བཙལ་ཏེ་དོགས་གནད་སེལ་ཐབས་བྱེད་ཀྱི་ཡོད། “ཏང་གི་ཚགས་པར་གྱིས་སྤྱི་ཚོགས་ཀྱི་དྲང་ནུས་རྒྱུད་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། ཏང་གི་ཚགས་པར་ལྟ་ཀློག་བྱས་ཚེ་བྱེད་ཕྱོགས་དང་སྲིད་ཇུས་ཁག་ཤེས་རྟོགས་ཐུབ་ལ་ས་གནས་ཁག་གི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཡང་ཤེས་རྟོགས་ཐུབ་ཀྱི་འདུག ཏང་གི་ཚགས་པར་ནི་ང་ཚོ་ཏང་ཡོན་ཚོས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན”ཞེས་ཚེ་བྷོས་བརྗོད།
            ཚགས་པར་གྱི་འགྲམ་དུ་བཞག་པའི་མི་རྒན་པའི་ལག་པའི་ཆེ་ཆུང་དང་མཚུངས་པའི་ཟིན་བྲིས་དེབ་དེར་གསར་འགོད་པའི་ཡིད་དབང་འཕྲོག་བྱུང་།
            དེར་ལྟ་སྐབས་ཟིན་བྲིས་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་ནང་དོན་འཁོད་འདུག་ལ་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་སློབ་སྦྱོང་བྱས་རྗེས་ཀྱི་མྱོང་ཚོར་ཡང་བྲིས་འདུག 《མཚོ་སྔོན་ཉིན་རེའི་ཚགས་པར་》གྱི་དཔྱད་གཏམ་རྩོམ་ཡིག་གི་ནང་དོན་ཡང་གནད་བཤུས་བྱས་འདུག
            ཚེ་བྷོ་ལོ་བཅོ་ལྔར་དམག་མིར་ཞུགས་པ་དང་1975ལོར་དམག་དཔུང་ནས་ཏང་ནང་ཞུགས་ཡོད། ལོ་དྲུག་རིང་གི་དམག་དཔུང་འཚོ་བ་མཇུག་འགྲིལ་རྗེས་ཁོང་ཕ་ཡུལ་ཧེ་ཡན་རྫོང་ཝ་འཇོག་ཤང་དུ་ཕྱིར་ལོག་བྱས་ནས་ཝ་འཇོག་ཤང་གི་ཤང་ཀྲང་གཞོན་པའི་འགན་འཁུར་མྱོང་ཡོད་ལ་ཕྱིས་སུ་སྤྱི་བདེ་ཉེན་རྟོག་ལས་བྱེད་པའང་ལོ་ཁ་ཤས་བྱས་ཡོད། ལས་འཁྱུར་ངལ་གསོ་བརྒྱབ་རྗེས་ཀྱི་ཚེ་བྷོས་ངལ་གསོ་བརྒྱབ་ནས་མ་བསྡད་པར་སྡེ་ཁུལ་གྱི་སློབ་སྦྱོང་ཚོགས་འདུར་དུས་ཐོག་ཏུ་ཞུགས་པ་མ་ཟད། ད་དུང་ཁོང་ལ་ཁོམ་པ་བྱུང་ཚེ་ཏང་གི་ཚགས་པར་ཐོག་ནས་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་ནང་དོན་སྡེ་ཁུལ་གྱི་གྲོང་མིར་ཤོད་ཀྱི་ཡོད།
            ཏང་ནང་ཞུགས་ནས་ལོ་བཞི་བཅུ་ལྷག་ཙམ་སོང་བའི་ཏང་ཡོན་རྒན་གྲས་ཚེ་བྷོའི་ངོས་ནས་བརྗོད་ན་མྱོང་ཚོར་ཆེ་ཤོས་ནི་ཚད་ལོན་གྱི་ཏང་ཡོན་ཞིག་བྱེད་པའི་ཚད་གཞི་སྔར་བས་ཇེ་མཐོར་འགྲོ་བ་དེ་རེད། “ད་ཆ་ཏང་ཡོན་གྱི་ཚད་གཞི་མཐོ་པོ་ཡོད་པ་ནི་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་ཀྱི་ཡོད། ཏང་ཡོན་དཀྱུས་མ་ཞིག་ཡིན་པའི་ང་ཚོས་གུང་ཁྲན་ཏང་ཡོན་གྱི་ཞབས་འདྲེན་ཞུ་མི་རུང”ཞེས་བརྗོད། ལོ་དེ་དག་ནང་བགྲེས་སོང་ཁོང་ལ་ཧེ་ཡན་རྫོང་གི“ཧེ་ཡན་བ་ཡག་ཤོས”དང་མཚོ་བྱང་ཀྲོའུ་ཡི“ཕུལ་བྱུང་གི་གུང་ཁྲན་ཏང་ཡོན”སོགས་ཀྱི་གཟི་བརྗིད་མཚན་སྙན་བསྟུད་མར་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།