འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་
    གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་དང་ཆེ་དགྲ་ལྷ་བོད་རང་སྐྱོང་ལྗོངས་
    ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་
གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་དང་ཆེ་དགྲ་ལྷ་བོད་རང་སྐྱོང་ལྗོངས་
ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ལྕི་པོ་ཕྲག་སྟེང་དུ་འཁུར་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལག་བསྟར་ནན་པོ་གནང་བ་དང་མིང་མི་འགོད་པའི་འདེམས་ཤོག་འཕེན་སྟངས་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་གསབ་འདེམས་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གསབ་འདེམས་གནང་བ་རེད།
            ད་ཐེངས་ཀྱི་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་435ཡོད་པ་དང་དངོས་སུ་ཕེབས་མཁན་382ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད། ཚོགས་འདུ་དེ་ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་རེད།
            འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏིང་ཡེ་ཤན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་རུའེ་ལེན། ཝང་གཡུང་ཅུན། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཚོགས་འདུར་ཕེབས་པ་མ་ཟད་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
            ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལག་བསྟར་ཀྲུའུ་ཞི་པད་མ་དབང་འདུས་དང་དེ་བཞིན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
            ཚོགས་ཆེན་ཐོག་དང་ཐོག་བློ་མཐུན་པད་མ་འཕྲིན་ལས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་དགོངས་ཞུ་གནང་རྒྱུའི་རེ་ཞུའི་སྐོར་གྱི་གཏན་འབེབས་དང་། བློ་མཐུན་བློ་བཟང་རྒྱལ་མཚན་གྱི་རང་སྐྱོང་ལྗོངས་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་གནང་རྒྱུའི་རེ་ཞུའི་སྐོར་གྱི་གཏན་འབེབས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་འདེམས་བསྐོ་བྱེད་ཐབས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ། འཐུས་མི་24ལས་གྲུབ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་བཅས་རེད། དེ་རྗེས་འདེམས་བསྐོ་དངོས་སུ་འགོ་བཙུགས་པ་དང་འདེམས་ཤོག་འཕངས་ཟིན་རྗེས། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་བླུགས་སྒམ་ཁ་ཕྱེ་ནས་འདེམས་ཤོག་བཏོན་པ་དང་། འདེམས་ཤོག་གྲངས་ཀ་རྒྱག་མཁན་གྱིས་བསྡུས་ཟིན་པའི་འདེམས་ཤོག་གྲངས་ཀ་བརྒྱབ་པ་དང་ཞིབ་བསྡུར་བྱས་རྗེ། ་འདེམས་ཤོག་གི་གྲངས་ལྟར་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེས་འདེམས་བསྐོ་གོ་ཆོད་པའི་ཁྱབ་བསྒྲགས་གནང་བ་རེད།
            འདེམས་ཤོག་གྲངས་ཀ་བརྒྱབ་པ་བརྒྱུད་ལས་དོན་མི་སྣས་འདེམས་ཤོག་གྲངས་ཀ་བརྒྱབ་འབྲས་སྒྲོག་སྦྱངས་བྱས་པ་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེས་འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་གནང་བ་རེད།
             བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་པ་དང་། རྡོ་ཐོགས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་པ་རེད།
             ཆེ་དགྲ་ལྷ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིར་བདམས་པ་རེད།
             འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་གནང་རྗེས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བར་མེད་དུ་་གྲགས་པ་དང་པད་མ་འཕྲིན་ལས་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་བཅས་ཡར་བཞེངས་ནས་མཇལ་དར་བསྒྲོན་རེས་གནང་བ་རེད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།