འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཕན་འབྲས་བཟང་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱུང་བར། 2016ལོར་མངའ་རིས་ས་ཁུལ་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་5ཡི་མང་ཚོགས་དབུལ་པོ་རྣམས་གནས་སྤོས་བྱས་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ལྟེ་བའི་གྲོང་ཚོ་དང་། གྲོང་རྡལ་ཆུང་ངུ་། རྒྱལ་ལམ་དང་ཞིང་ཆེན་ལམ་རྒྱུད། ཡུལ་སྐོར་ལམ་ཐིག ཐོན་ལས་ཁུལ། རྫོང་གྲོང་བཅས་དྲུག་གི་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ལས་ཡོད་པ་དང་ལས་ཞུགས་ཐུབ་པ་བྱེད་པའི་རྩ་དོན་གཞིར་བཟུང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་པ་དང་། ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་གྱི་དངུལ་བུན་སྒོར་དུང་ཕྱུར་4.7དང་། བོད་རང་སྐྱོང་ལྗོངས་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་2000 ས་ཁུལ་དང་རྫོང་གི་ལྷན་སྦྱར་མ་དངུལ་སྒོར་ཁྲི་4060བཅས་གྲབས་གསོག་གིས་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་གྱི་བཀོད་སྒྲིག་རྣམ་གྲངས་16ལག་ལེན་བསྟར་བས་སེང་གེ་ཁ་འབབ་གྲོང་རྡལ་གྱི“བདེ་སྐྱིད་སྡོད་ཁུལ་གསར་པ”དང་། དགེ་རྒྱས་རྫོང་གྲོང་། སྤུ་ཧྲེང་རྫོང་བར་ག་ཤང་དང་ཧོར་ཤང་། སྒེར་རྩེ་རྫོང་བཅས་ཀྱི་གནས་སྤོ་བྱ་ཡུལ་གྱི་དུད་ཚང་640ཡི་མང་ཚོགས་དབུལ་པོ་2590གནས་སྤོ་ཐུབ་པ་བྱུང་ཡོད། གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་རྩལ་ནུས་གསོ་སྦྱོང་གི་མ་དངུལ་བསྡོམས་སྒོར་ཁྲི་1420དོན་འཁྱོལ་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་མི་ཐེངས་2397བཟའ་བཏུང་དང་། ཁ་ལོ་བ། སྔོ་ཚལ་འདེབས་འཛུགས་བཅས་ཀྱི་གསོ་སྦྱོང་ནང་ཞུགས་སུ་བཅུག་པའི་ཁྲོད་མི་295ལས་རིགས་རྩལ་ནུས་ཀྱི་དཔྱད་སྡོམ་ཚད་ལོན་པ་དང་མངགས་ཐོ་རྣམ་པའི་གསོ་སྦྱོང་དང་། བདེ་སྲུང་། མགྲོན་ཁང་གི་བཟའ་བཏུང་ཞབས་ཞུ། ཚོང་རའི་ཞབས་ཞུ་བ་སོགས་ཀྱི་ལས་གནས་མང་པོ་གསར་དུ་བཀོད་སྒྲིག་བྱས་པས། མི་འབོར་དབུལ་པོ་2209ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་92.2%ཟིན་ཡོད།
             ཉེ་ཆར་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་དཔྱད་གཞི་ལྟ་ཀློག་དང་། ཚོགས་འདུ་སྐོང་ཚོགས། དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད། ཁུལ་དེའི་རྫོང་7གྱི་ཤང་གྲོང་35ཡི་གྲོང་ཚོ་ཨུ་ལྷན་86གི་དུད་ཚང་དབུལ་པོ་2169ལ་ས་གནས་ས་ཐོག་ཏུ་འཐེན་བཤེར་དཔྱད་ཞིབ་བྱས་པས། ཤང་གྲོང་དུ་འཐེན་བཤེར་བྱེད་ཚད་95%དང་། གྲོང་ཚོ་ཨུ་ལྷན་དུ་འཐེན་བཤེར་བྱེད་ཚད་61% དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་བྱེད་ཚད་32%བཅས་ཟིན་ཡོད། ད་ཆ་རྫོང་བདུན་གྱི་དཔྱད་ཞིབ་ཁས་ལེན་ལས་ཀ་རགས་ཙམ་གྲུབ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།