འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་བསྟན་དོན་2017ལོའི་མཐོ་རྒྱུགས་སྒྱུར་བཅོས་ཀྱི་དམག་འཐབ་དང་པོར་
    རྒྱལ་ཁ་ལེན་དགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན། སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་2017ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་མཐོ་རྒྱུགས་སྒྱུར་བཅོས་ཀྱི་དམག་འཐབ་དང་པོར་རྒྱལ་ཁ་བླངས་ནས་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་ཀར་རྗེས་སྙེག་ངང་མཛུབ་ཁྲིད་དང་། ཧྲང་ཧའེ་དང་ཀྲེ་ཅང་གི་སྒྱུར་བཅོས་ཇུས་གཞི་དང་འབྲེལ་ཡོད་བྱ་ཐབས་འཐུས་ཚང་ཡོང་བར་སྔར་བས་མཛུབ་ཁྲིད་བྱས་ནས་འདི་ལོའི་ས་ཁུལ་གཉིས་ཀྱི“གཞི་འཛིན་ས་གཉིས་དང་དཔེ་ལྟ་ས་གཅིག”གི་སློབ་བསྡུ་བྱེད་སྟངས་གསར་པར་དམིགས་པའི་བྱ་ཐབས་བདེ་བླག་ཡོང་བའི་ཁར། 2017ལོར་འགོ་བརྩམས་པའི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་བྱ་ཡུལ་པེ་ཅིང་དང་། ཐེན་ཅིང་། ཧའེ་ནན་གྱིས་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཇུས་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱེད་དགོས་ཞེས་བཤད།
             ཚོགས་འདུའི་ཐོག་ཁྲེན་པའོ་ཧྲེང་གིས་རྒྱུགས་སྤྲོད་སློབ་བསྡུའི་ལས་དོན་ལ་མི་དམངས་དང་སྨྱན་སྦྱོར་བས་དོ་ཁུར་་ཆེན་པོ་བྱེད་ཅིང་། དེའི་ཁེབས་རྒྱ་ཆེ་ལ་ཚོར་སྐྱེན་མྱུར་བ་དང་། ཆབ་སྲིད་དང་སྲིད་ཇུས་ཀྱི་རང་བཞིན་ཡང་ཧ་ཅང་ཟབ་པས་ལྷོད་གཡེང་ཏིལ་འབྲུ་ཙམ་ཡང་བྱེད་མི་ཉན་ཞེས་ནན་བཤད་བྱས་ཤིང་། ཁོང་གིས“ཁོ་ན་མིན་པ་བཞིའི”ཐོག་ནས་མཐོ་རྒྱུགས་སྒྱུར་བཅོས་ཀྱི་དོན་སྙིང་ནན་པོར་བརྗོད་པ་སྟེ། མཐོ་རྒྱུགས་སྒྱུར་བཅོས་བྱ་རྒྱུ་ནི་ཧྲང་ཧའེ་དང་ཀྲེ་ཅང་ས་ཁུལ་གཉིས་ཀྱི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱི་དོན་དག་ཁོ་ན་མིན་པར། ས་ཁུལ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དོན་དག་ཅིག་ཀྱང་ཡིན་པ་དང་། མཐོ་རྒྱུགས་སྒྱུར་བཅོས་བྱ་རྒྱུ་ནི་ཧྲང་ཧའེ་དང་ཀྲེ་ཅང་གི་དོན་དག་ཁོ་ན་མིན་པར་རྒྱལ་ཡོངས་ཀྱི་དོན་དག་ཅིག་ཀྱང་ཡིན་སྟབས། ཧྲང་ཧའེ་དང་ཀྲེ་ཅང་གི་ཐེངས་འདེའི་སྒྱུར་བཅོས་ལ་གཞོགས་འདེགས་ཡག་པོ་བྱེད་དགོས། མཐོ་རྒྱུགས་སྒྱུར་བཅོས་བྱ་རྒྱུ་ནི་སློབ་གསོའི་དོན་དག་ཅིག་ཁོ་ན་མིན་པར་སྤྱི་ཚོགས་ཡོངས་ཀྱི་དོན་དག་ཅིག་ཀྱང་ཡིན་པས། སྔོན་དཔག་དང་གླེང་ཕྱོགས་ལ་མཛུབ་ཁྲིད་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཡོངས་ཞུགས་ནས་རྒྱབ་སྐྱོར་ཐུབ་པ་བྱེད་དགོས། མཐོ་རྒྱུགས་སྒྱུར་བཅོས་བྱ་རྒྱུ་ནི་ས་གནས་ཀྱི་དོན་དག་ཅིག་ཁོ་ན་མིན་པར་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཞིག་ཀྱང་ཡིན་པས་ཧྲང་ཧའེ་དང་ཀྲེ་ཅང་གིས་ངེས་པར་མཐོ་རྒྱུགས་སྒྱུར་བཅོས་ཡག་པོ་བྱས་ནས་ལེགས་གྲུབ་ལྡན་པ་ཞིག་བྱེད་དགོས།
             ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར། རང་རྒྱལ་གྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ཚང་མར་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི་ཆགས་ཟིན་པ་དང་། འབྲིང་རྒྱུགས་དང་མཐོ་རྒྱུགས་སྒྱུར་བཅོས་བྱེད་པ་དང་བསྟུན་ནས་མཐུན་སྦྱོར་དང་སྦྲེལ་མཐུད་ཡོང་བཞིན་ཡོད་པ་མ་ཟད། སློབ་གསོ་པུས་སློབ་བསྡུའི་འཆར་གཞི་དབུས་ནུབ་ས་ཁུལ་དང་མི་འབོར་མང་བའི་ཞིང་ཆེན་ལ་གཟིགས་སྐྱོང་བྱ་རྒྱུར་ཕྱོགས་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ནས་འཆར་གཞི་སྒྲུབ་རོགས་བྱེད་མཁན་མི་ཁྲི་21བཀོད་སྒྲིག་བྱས་པ་དང་། གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་ཕྲུག་གཙོ་གནད་སློབ་ཆེན་ལ་ཚུད་ཚད་དང་བསྡུར་ཚད་མུ་མཐུད་མང་དུ་བཏང་ནས་རྒྱལ་ཁབ་དང་། ས་ཁུལ། སློབ་ཆེན་བཅས་ཀྱིས་ཆེད་དམིགས་འཆར་གཞི་བཞིན་མི་ཁྲི་9.1བསྡུ་རྒྱུ་ཡིན་པ་རེད།
            ཁྲེན་པའོ་ཧྲེང་གིས་འདི་ལོར་དབུས་ནུབ་ས་ཁུལ་ནས་སློབ་མ་བསྡུ་བའི་མཐུན་སྦྱོར་འཆར་གཞི་མུ་མཐུད་ལག་ལེན་བསྟར་ཏེ། 2017ལོར་སློབ་མ་བསྡུ་ཉུང་ཤོས་ཞིང་ཆེན་དང་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་བརྒྱ་ཆའི་གྲངས་བཞིའི་ནང་ཚུན་ཆུང་དུ་གཏོང་རྒྱུ་མ་ཟད། དེ་དང་དུས་མཚུངས། ཕྱོགས་ཡོངས་ནས་འབྲིང་རྒྱུགས་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། དམའ་འབྲིང་སྦྱངས་འབྲས་ལྟ་བའི་ཡིག་ཚད་དང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གི་ལམ་ལུགས་གཉིས་འཐུས་སྒོ་ཚང་དུ་གཏོང་བ། འབྲིང་རིམ་ཆེད་ལས་ཡིག་ཚད་ཀྱི་སྐར་གྲངས་སྣོན་ཐབས་ཚད་ལྡན་དུ་གཏོང་བ། གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་སློབ་ཕྲུག་གི་ནུས་པར་ལྟ་རྒྱུ་མཐོང་ཆེན་བྱས་ཐོག རིག་ཚན་ཁག་གཅིག་གི་སྦྱངས་འབྲས་སྐར་གྲངས་སྣོན་རྒྱུ་དེ་སློབ་བསྡུའི་གཞི་འཛིན་ས་ཁོ་ནར་ལྟ་བའི་བྱེད་སྟངས་ལ་འགྱུར་བ་བཏང་ནས་སྐར་གྲངས་ཁོ་ནར་ལྟ་བའི་གནད་དོན་སེལ་རྒྱུ་རེད་ཅེས་བཤད།
            ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར། རང་རྒྱལ་གྱི་སློབ་གསོ་དྲང་གཞག་ཡོང་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་འཕོས་ཤིང་། གྲོང་གསེབ་ཀྱི་དགེ་རྒན་ལ་ཀྲུང་དབྱང་ནས་བྱ་དགའ་སྤྲོད་པའི་ཁ་གསབ་དངུལ་སྒོར་དུང་ཕྱུར་30བར་མང་དུ་བཏང་བ་དག་དཀའ་ངལ་ལྷག་པར་ཆེ་བའི་རྫོང་573ལ་ཁྱབ་ནས་གྲོང་གསེབ་ཀྱི་དགེ་རྒན་ཁྲི་100ལྷག་ལ་ཕན་པ་ཐོབ་པ་དང་། རྫོང་(གྲོང་ཁྱེར་དང་ཆུས)1824ལ་རྫོང་ཁོངས་འོས་འགན་སློབ་གསོ་དོ་མཉམ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚོད་སྐོར་གཏན་འཁེལ་བྱུང་བ། ཕྱོགས་ཡོངས་ནས་སློབ་གསོ་ཉམས་ཞན་གྱི་གནས་སྟངས་འགྱུར་མགྱོགས་སུ་བཏང་ནས་ཀྲུང་དབྱང་གི་ཆེད་དོན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་338བར་མང་དུ་བཏང་བ། 2016ལོར། རིམ་པ་ཁག་དང་རིགས་མི་འདྲ་བའི་སློབ་གྲྭ་དང་ཁྱིམ་ཚང་གི་དཀའ་ངལ་ཆེ་བའི་སློབ་མ་མི་ཐེངས་ཁྲི་8400ལྷག་ལ་རོགས་རམ་བྱས་པར་རགས་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1500ལྷག་བཏང་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།