འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ལོ་འཁོར་མོར་སྒོར་དུང་ཕྱུར་300བཀོད་སྒྲིག་གིས་དམངས་འཚོའི་སྲིད་ཇུས་གལ་
    ཆེན་ཁག་33ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2017ལོར་ལྗོངས་ཡོངས་ཀྱིས་དམངས་འཚོའི་བྱ་བ་དངོས་ཧུར་ཐག་བསྒྲུབས་ནས་སྒོར་དུང་ཕྱུར་300བཀོད་སྒྲིག་གིས་དམངས་འཚོའི་སྲིད་ཇུས་གལ་ཆེན་ཁག་33ལག་ལེན་བསྟར་རྒྱུ་ཡིན་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། རྨང་གཞིའི་དམངས་འཚོའི་འགན་ལེན་རྣམ་གྲངས་ཁག་གཅིག་གི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པའི་ཁྲོད་ནས་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་སྒོར་3480བར་མཐོ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་སྒོར་700བར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་སྒོར་3311བར་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་ཚད་གཞི་སྒོར་475བར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ་ཚད་གཞི་སྒོར་460བར་མཐོ་རྒྱུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་སྒོར་65བར་མཐོ་རུ་གཏོང་རྒྱུ། ཁེ་ལས་ཀྱི་ལས་འཁྱུར་ལས་བཟོའི་གཟུགས་པོར་བརྟག་དཔྱད་འགྲོ་གྲོན་སྒོར་1000བར་དང་གསར་དུ་བཙུགས་པའི་བར་བརྒལ་དུས་ཀྱི་ཕན་བདེའི་གྲོན་དངུལ་ཟླ་རེར་མི་རེར་སྒོར་60བར་མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་ཁ་གསབ་ཚད་གཞི་སྒོར་4940བར་མཐོ་རུ་གཏོང་རྒྱུ། “རྒན་གྲས་གསུམ”མི་སྣའི་འཚོ་བའི་ཁ་གསབ་ཟླ་རེར་མི་རེར་སྒོར་50སྤོར་རྒྱུ། མཐའ་མཚམས་དངོས་དང་མཐའ་མཚམས་ཕལ་པའི་ཤང་གྲོང་གྲོང་མིའི་ཁ་གསབ་ཚད་གཞི་སྒོར་2700དང་སྒོར་2500བར་ཁག་སོ་སོར་མཐོ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།
            དེ་དང་ཆབས་ཅིག བོད་ཀྱིས་ད་དུང་ཞིང་འབྲོག་ཁུལ་གྱི་སྐད་གཉིས་བུ་བཅོལ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་སྤུས་ཚད་མཐོར་གཏོང་འཆར་གཞི་ལག་ལེན་བསྟར་བ། འོས་འགན་སློབ་གསོ་ཞན་པའི་སློབ་གྲྭར་སྒྱུར་བཀོད་དང་ཚད་ལྡན་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་བ། ས་བབ་མཐོ་བའི་སློབ་གྲྭར་དྲོད་གཏོང་ལས་གྲྭ་སྐྲུན་པ་བཅས་བྱ་རྒྱུ་ཡིན་པ་རེད།
            ལས་ཞུགས་དང་སྤྱི་ཚོགས་འགན་ལེན་ཐད་ལོ་འཁོར་མོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་འཕར་མ་མི་ཁྲི་4.8ཟིན་པ་དང་། ཞིང་འབྲོག་པའི་ལས་རིགས་རྩལ་ནུས་མཐོར་གཏོང་འཆར་གཞི་ལག་ལེན་བསྟར་བ། ཞིང་འབྲོག་པ་མི་ཐེངས་ཁྲི་5.6ལ་གསོ་སྦྱོང་བྱེད་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་110གཞན་སྒྱུར་བྱེད་པ། ལག་བསྟར་བྱས་ན་འཚམ་པའི་ཚོགས་སྤྱིར་གཞི་རྩའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཡོངས་སུ་ཁྱབ་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།