འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་བརྒྱ་ཙམ་གྱིས་གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་དང་བེད་སྤྱོད་བྱེད་རྒྱུའི་
    ཐད་གྲོས་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན། སྐབས་གསུམ་པའི་གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་གི་གྲུབ་འབྲས་དང་དཔྱད་གཞིའི་ཡིག་རིགས་འགྲེམས་སྟོན་པེ་ཅིང་དུ་བྱས་ཤིང་། ལས་རིགས་ཀྱི་དོ་དམ་གཙོ་བོའི་སྡེ་ཚན་དང་། མཐོ་སློབ། ཞིབ་འཇུག་སྒྲིག་གཞི་བཅས་ནས་ཡིན་པའི་མཁས་དབང་18ཀྱིས་གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་འཆར་འགོད་དང་། སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་དང་གོང་འཕེལ། གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་དང་གསར་གཏོད་བེད་སྤྱོད། གནའ་བོའི་བཟོ་སྐྲུན་སྲུང་སྐྱོང་ལས་གྲྭར་མིག་སྔར་འཕྲད་པའི་དངོས་ཡོད་གནད་དོན་དང་བཟོ་སྐྲུན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལྟེ་བའི་རིན་ཐང་དང་གཞི་རྩའི་འདུ་ཤེས་སོགས་ལ་དམིགས་ནས་སྙན་ཞུ་གཏིང་ཟབ་བྱས་པ་རེད། རྒྱལ་ཡོངས་ཀྱི་སྐྱེད་ཚལ་གནའ་བོའི་བཟོ་སྐྲུན་ལས་རིགས་ནས་ཡིན་པའི་རིགས་གཅིག་མཁས་ཅན་350ཚོགས་འདུར་ཞུགས་ཡོད་པ་རེད།
            དེ་སྔའི་འཛུགས་སྐྲུན་པུའི་སྤྱི་ཁྱབ་བཟོ་སྐྲུན་པ་འབུམ་རམས་པའི་སློབ་དཔོན་ཡའོ་པིན་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཀྲང་པའེ། ཀྲུང་གོ་དམངས་ཁྲོད་མཐུན་ཚོགས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུང་གོ་བཟོ་སྐྲུན་དང་སྐྱེད་ཚལ་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ལུའོ་དབྱང་བཅས་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ། ཤིས་ཚིག་ཀྱང་གསུངས་པ་རེད།
            ཚོགས་འདུའི་ཐོག་ད་དུང“དེང་རབས་ཀྱི་སྒྱུ་རྩལ་ལག་ཤེས་པ”འཚོལ་བའི་སྤྱི་ཕན་དཔྱད་འདེམས་བྱེད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་ནས། ཀྲང་ཏེ་ཚའེ་དང་ཀུའུ་ཡུང་ལིན་སོགས“དེང་རབས་ཀྱི་སྒྱུ་རྩལ་ལག་ཤེས་པའི”གཟི་བརྗིད་མཚན་སྙན་ཐོབ་པའི་ལག་ཤེས་པ་10ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “དེང་རབས་ཀྱི་སྒྱུ་རྩལ་ལག་ཤེས་པ”འཚོལ་བའི་བྱེད་སྒོའི་དམིགས་ཡུལ་ནི། རང་རྒྱལ་གྱི་སྐྱེད་ཚལ་གནའ་བོའི་བཟོ་སྐྲུན་ལས་རིགས་ལས་དོན་མི་སྣའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་བྱས་རྗེས་སྔོག་འདོན་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་སྐྱེད་ཚལ་གནའ་བོའི་བཟོ་སྐྲུན་གྱི་ལག་རྩལ་རྒྱུན་འཛིན་པར་གཟེངས་བསྟོད་དང་བྱ་དགའ་སྤྲད་དེ་ལས་ཞུགས་མི་སྣ་སྤྱི་ཚོགས་ཀྱིས་ཤེས་ཚོར་ཐུབ་ཚད་དང་སྲོལ་རྒྱུན་གྱི་སྐྱེད་ཚལ་གནའ་བོའི་བཟོ་སྐྲུན་སྒྱུ་རྩལ་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།