འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཀྲུང་དབྱང་གྲབས་གསོག་འབྲུ་རིགས་དོ་དམ་སྤྱི་ཁྱབ་ཀུང་སིས་འབྲུ་རིགས་སྤྱི་འབོར་ཏུན་
    དུང་ཕྱུར་2.43སྒྲུབ་ཚོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོར་ཀྲུང་དབྱང་གྲབས་གསོག་འབྲུ་རིགས་དོ་དམ་སྤྱི་ཁྱབ་ཀུང་སིས་འབྲུ་རིགས་སྤྱི་འབོར་ཏུན་དུང་ཕྱུར་2.43སྒྲུབ་ཚོང་བྱས་ཡོད། གྲོ་དང་འབྲས་བསྡུ་ཉོའི་རིན་གོང་དམའ་ཚད་ཀྱི་སྲིད་ཇུས་སོགས་ལག་བསྟར་བྱེད་རིང་། ཉོ་སྒྲུབ་མཛོད་ཁང་གི་འོས་ཐོབ་ལ་ནན་པོ་གཞིགས་པ་དང་སྐོར་ཞིབ་དང་ལྟ་སྐུལ་ནན་པོ་བྱས་པས་ཉོ་སྒྲུབ་དང་གྲབས་གསོག་གི་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་དབྱང་གྲབས་གསོག་འབྲུ་རིགས་དོ་དམ་སྤྱི་ཁྱབ་ཀུང་སིའི་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་ལས་མངོན་པར། ཀྲུང་དབྱང་གི་གྲབས་གསོག་འབྲུ་རིགས་མཛོད་ཉར་བྱེད་ཚད་100%ཟིན་པ་དང་སྤུས་ཀ་ཚད་ལོན་ཚད་97.7%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།