འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀུའེ་ཀང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ནུས་རྒྱུ་གསར་པའི་
    གློག་སྒུལ་རླངས་འཁོར་ཐོན་སྐྱེད་རྟེན་གཞི་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་གསར་རྐྱང་10དལ་པོའི་ངང་འཁོར་ཁང་ནས་བཏང་བ་དང་སྦྲགས། ཀོང་ཤིས་ཀུའེ་ཀང་ཧྭ་ཨའོ་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་སྐྲུན་རྣམ་གྲངས་དང་པོ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། 2016ལོའི་ལོ་མཇུག་བར་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་ཁེ་ལས་55ཀོང་ཤིས་ཀུའེ་ཀང་དུ་དངོས་སུ་གཞི་ཚུགས་པ་དང་དེ་དག་ལ་མ་དངུལ་སྒོར་དུང་ཕྱུར་80ལྷག་ཙམ་གཏོང་རྩིས་ཡོད། 2017ལོར་ཀུའེ་ཀང་གིས་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་ཁྲི་100དང་ལྷུ་ལག་ཆ་སྒྲིག་ཁྲི་100ཡི་བརྒྱ་གཉིས་ཀྱི་དམིགས་ཚད་ལོན་པ་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ནུས་རྒྱུ་གསར་པའི་གློག་སྒུལ་རླངས་འཁོར་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ཀུའེ་ཀང་ཧྭ་ཨའོ་རླངས་འཁོར་བཟོ་སྐྲུན་རྣམ་གྲངས་ཀྱིས་ལོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་5000དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་15000 གློག་སྒུལ་འཇིབ་ཆུང་50000བཅས་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། རྣམ་གྲངས་ཆ་ཚང་ལག་བསྟར་བྱས་ནས་བཟོ་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་250ཟིན་ནས་ཀུའེ་ཀང་གྲོང་ཁྱེར་གྱི་རླངས་འཁོར་འཕྲུལ་ཆས་བཟོ་ལས་ཀྱི་ཞན་ཆ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་སྟོང་ཆའི་གནད་དོན་ཐག་གཅོད་བྱས་ཏེ་ཀུའེ་ཀང་གྲོང་ཁྱེར་གྱི་གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།