འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་བདམས་ཐོན་པས་རྨ་ཆུ་བརྒལ་བའི་མཐར་སོན་འགྲན་སློང་འགྲན་
    བསྡུར་ནང་ཚོགས་ཆུང་སོ་སོའི་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་8ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་དགུན་དུས་རྨ་ཆུ་བརྒལ་བའི་མཐར་སོན་འགྲན་སློང་འགྲན་བསྡུར་སྐབས་བདུན་པ་མཇུག་མགྲིལ་ཞིང་། ཨུ་རུ་སུའི་བདམས་ཐོན་པས་སྐྱེས་པ་དང་བུད་མེད་ཀྱི་ཚོགས་ཆུང་Aགཉིས་ཀའི་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་བདམས་ཐོན་པས་སྐྱེས་པ་དང་བུད་མེད་ཀྱི་ཚོགས་ཆུང་Bཡི་ཨང་དང་པོ་བླངས་ཡོད་པ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན། འགྲན་བསྡུར་དེར་བདམས་ཐོན་པའི་ལོ་ན་དང་ཕོ་མོ་གཞིར་བཟུང་ནས་སྐྱེས་པ་Aདང་B བུད་མེད་Aདང་Bཡི་ཚོགས་ཆུང་དུ་དབྱེ་ཡོད། སྐྱེས་པ་Aཚོགས་ཆུང་འགྲན་བསྡུར་ནང་ཨུ་རུ་སུའི་བདམས་ཐོན་པ་ཁྲ་ལི་ཏུའོ་ཧྥུའུ·ཨ་ལི་ཁེ་སིས་སྐར་མ་2དང་སྐར་ཆ་29དང་གྲངས་ཆུང་64ཡི་གྲུབ་འབྲས་ལ་བརྟེན་ནས་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་ཧྲན་ཏུང་རུ་ཁག་གི་ཆོན་ཁེ་དང་ཆུས་ཅིན་ཡུས་ཀྱིས་ཨང་གཉིས་པ་དང་ཨང་གསུམ་པ་བླངས་ཡོད། བུད་མེད་ཀྱི་ཚོགས་ཆུང་Aཡི་འགྲན་བསྡུར་ནང་ཨུ་རུ་སུའི་ལུས་རྩལ་པ་ཁ་ལི་ཕ་ཆེ་ཝ·མ་ཁ་ལི་ཐས་སྐར་མ་2དང་སྐར་ཆ་43གྲངས་ཆུང་30ཡི་ཐོག་ནས་ཨང་དང་པོ་བླངས་པ་དང་། པེ་ཅིང་རུ་ཁག་གི་སུའུ་ཐེན་ཧྲང་དང་ཀྲེ་ཅང་རུ་ཁག་གི་ཝང་ཅིང་ཡ་སོ་སོར་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་ཡོད་པ་རེད།
       ད་རེས་ཀྱི་འགྲན་བསྡུར་ཆེན་པོའི་ནང་ཀྲུང་གོ་དང་། ཨུ་རུ་སུ། འཇར་མན། སི་ཕེན། ཧྥ་རན་སེ། ཨ་རི་སོཌ་རྒྱལ་ཁབ་(ས་ཁུལ་)11གི་དགུན་དུས་ཆུ་རྐྱལ་མཁས་པ་67ཞུགས་ཤིང་། ས་བབ་མཐོ་ལ་ཆུ་ཤུཌ་ཆེ་བ་སོགས་རྒྱུ་རྐྱེན་ལས་འགྲན་བསྡུར་དེ་ཉིད་རྒྱལ་ནང་གི་ཡོངས་བསྒྲཌ་ཆུ་ཁོངས་ཀྱི་དགུན་དུས་ཆུ་རྐྱལ་འགྲན་བསྡུར་ནང་ཐུན་མོང་མིན་པ་ཞིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།