འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།《གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་
    འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན།  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་དང་། སློབ་རིམ་དང་། བསླབ་པ། དཔྱད་རྩོམ་བཅས་ཁོ་ནར་བརྩི་བའི་བྱེད་ཕྱོགས་ཁྱད་བསད་བྱེད་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
             《བསམ་འཆར་》ཁག་དྲུག་དང་བསྡོམས་དོན་ཚན་18ཡོད་ཅིང་། ཁག་དང་པོའི་ནང་མཛུབ་ཁྲིད་བསམ་བློ་དང་། རྩ་བའི་རྩ་དོན། དམིགས་ཚད་གཙོ་བོ་བཅས་འཁོད་ཡོད་པ་དང་། ཁག་གཉིས་པ་ནས་དྲུག་པའི་བར་སྒྱུར་བཅོས་ལས་འགན་འཁོད་ཡོད་པ་རེད། མཇུག་ཏུ་《བསམ་འཆར་》དམ་འཛིན་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
              《བསམ་འཆར་》ནང་། དུས་ཡུན་ལོ་3གྱི་དུས་ཚོད་སྤྱད་ནས་ལས་གྲྭ་དང་། འཕྲོད་བསྟེན། ཞིང་ལས། རྩིས་པ། མཐོ་སློབ་དགེ་རྒན། ཚན་རིག་ཞིབ་འཇུག་སོགས་གོ་མིང་མ་ལག་སྒྱུར་བཅོས་ལས་འགན་སྤྱིར་ན་འགྲུབ་པའི་འབད་བརྩོན་བྱ་རྒྱུ་དང་། དུས་ཡུན་ལོ་5འབད་བརྩོན་བྱས་ཏེ་བཀོད་སྒྲིག་ལུགས་མཐུན་དང་། གདེང་འཇོག་ཚན་རིག་དང་མཐུན་པ། དོ་དམ་ཚད་ལྡན། འཁོར་རྒྱུག་མཐུན་སྦྱོར། ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་གོ་མིང་ལམ་ལུགས་སྤྱིར་ན་ཆགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
             《བསམ་འཆར་》ནང་། གོ་མིང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ད་ཡོད་ཀྱི་གོ་མིང་མ་ལག་རྩ་བའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་གསར་དར་ལས་རིགས་ཁྱབ་ཁོངས་སུ་གོ་མིང་མ་ལག་ཁ་སྣོན་རྒྱག་རྒྱུ་འཚོལ་ཞིབ་བྱེད་པ་དང་། གོ་མིང་མ་ལག་ནང་ཆེད་ལས་ཁྱབ་ཁོངས་སུ་བབ་མཐུན་གྱི་ཆེད་ལས་རིགས་ཁག་བཀོད་སྒྲིག་བྱེད་ཆོག ད་ཆ་མཐོ་རིམ་རྒན་པའི་གོ་མིང་བཀོད་སྒྲིག་མ་བྱས་པའི་གོ་མིང་མ་ལག་ཚང་མར་མཐོ་རིམ་རྒན་པའི་གོ་མིང་བཀོད་སྒྲིག་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
             《བསམ་འཆར་》ནང་། ཆེད་ལས་ལག་རྩལ་ཤེས་ལྡན་པའི་ལས་རིགས་ཀུན་སྤྱོད་ལ་གཙོ་གནད་ཐོག་རྟོག་ཞིབ་བྱས་ནས་གསར་གཏོད་ནུས་པར་གདེང་འཇོག་བྱ་རྒྱུ་འབུར་དུ་ཐོན་པ་བྱས་ཐོག གོ་མིང་དཔྱད་ཞིབ་ཁྲོད་ཀྱི་དཔྱད་རྩོམ་དང་ཚན་ཞིབ་གྲུབ་འབྲས་ཀྱི་ཆ་རྐྱེན་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་མ་ཟད། གོ་མིང་གི་ཕྱི་སྐད་དང་རྩིས་འཁོར་བཀོལ་སྤྱོད་ནུས་པའི་ཡིག་རྒྱུགས་ལ་གཅིག་གྱུར་བླང་བྱ་འདོན་རྒྱུ་མེད། ཐེམ་ཐོ་དང་། ས་ཁོངས། ཐོབ་ཐང་། ཡིག་ཚགས། མི་དོན་འབྲེལ་བ་སོགས་ཀྱི་བཀག་རྒྱ་སྔར་བས་མེད་པ་བཟོས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། རང་མོས་ལས་རིགས་བཅས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་གོ་མིང་སྙན་ཞུ་འབུལ་བའི་ཐབས་ལམ་ཤར་གཏོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
             《བསམ་འཆར་》ནང་། གོ་མིང་དཔྱད་ཞིབ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དཔྱད་ཞིབ་སྒྲིག་ཁྲིམས་ནན་སྲུང་དང་ལྡོག་བཤེར་དང་འགན་འཁྲི་རྩད་གཅོད་ལམ་སྲོལ་འཛུགས་པ་མ་ཟད། སྲིད་ཇུས་ཡོངས་བསྒྲགས་དང་། ཚད་གཞི་ཡོངས་བསྒྲགས། གོ་རིམ་ཡོངས་བསྒྲགས། མཇུག་འབྲས་ཡོངས་བསྒྲགས་བཅས་བྱས་ཏེ། ཆེད་ལས་ལག་རྩལ་ཤེས་ལྡན་པའི་ཁེ་ཕན་ལ་གནོད་འཚེ་བཟོ་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས། མི་སྤྱོད་བྱེད་པོས་གོ་མིང་དཔྱད་ཞིབ་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་མཚམས་གཏན་འཁེལ་དང་གོ་མིང་དཔྱད་ཞིབ་དབང་ཆ་ལུགས་མཐུན་ངང་གཤམ་སྤྲོད་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།