འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཟུར་གསུམ་གླིང་གི་དཔྱིད་གསར་སྐྱེལ་འདྲེན་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་
    སྔོན་ལ་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་གྱི་ཞོགས་པའི་ཆུ་ཚོད་9དང་སྐར་མ་29ཙམ་ལ། ཧྲང་ཧའེ་ལྕགས་ལམ་ཅུས་ཧྲང་ཧའེ་འགྲུལ་སྐྱེལ་དུམ་བུའི་ཧྲང་ཧའེ་ནས་ཁྲུང་ཆིང་བར་གྱི་མེ་འཁོར་ཐེངས་K4663ཧྲང་ཧའེ་བབས་ཚུགས་ལྷོ་མ་ནས་ཐོན་ཏེ་ཧྲང་ཧའེ་དང་ཀྲེ་ཅང་དུ་ལས་ཀ་བྱེད་མཁན་གྱི་ལྷོ་ནུབ་ཕྱོགས་ཀྱི་འགྲུལ་པ་བླུགས་ནས་ཕ་ཡུལ་གྱི་ཕྱོགས་སུ་བསྐྱོད་པ་དེ་ཐོག་ནས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་དཔྱིད་གསར་སྐྱེལ་འདྲེན་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་སྔོན་ལ་གཏོང་འགོ་ཚུགས་པ་མཚོན་ཡོད།
            “དངོས་ནས་སྐྱིད་པོ་འདུག” ཁྱིམ་དུ་སྔ་ཙམ་ལོག་ཐུབ་པ་བྱ་ཆེད། ཨར་སྐྲུན་ལས་ལ་གཞོལ་མཁན་སྐུ་ཞབས་ཝུའུ་ལགས་དང་ཁོང་གི་གཅེན་མོས་ཆེད་མངགས་ཝུའུ་ཤིའི་ནས་ཧྲང་ཧའེ་རུ་ཡོང་སྟེ། རྒན་རྒོན་དང་གཉེན་ཉེ་ཚོར་གྲ་སྒྲིག་བྱས་པའི་ལག་རྟགས་དག་འཁྱེར་ནས་ཕ་ཡུལ་དུ་ལོག་པའི་མེ་འཁོར་དུ་བསྡད་ཅིང་། ཁོང་གིས་ད་རེས་ཀྱི་མེ་འཁོར་གཙང་མ་དང་སྐྱིད་པོ་འདུག་པས། འཚང་ཁའང་དེ་ཙམ་མི་འདུག་ཅེས་མྱོང་ཚོར་ཟབ་མོས་བཤད།
            འདི་ལོ་ལྕགས་ལམ་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་ནི་ཟླ་1ཚེས་13ཉིན་ཡིན། འོན་ཀྱང་རྒྱ་ཆེའི་ཧྲང་ཧའེ་དུ་ལས་ཀ་བྱེད་མཁན་ཚོ་ཕ་ཡུལ་དུ་སྔ་ཙམ་ལོག་འདོད་པ་དང་ལྷག་པར་དུ་སི་ཁྲོན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ངལ་ནུས་ཕྱིར་གཏོང་ས་ཆའི་འགྲུལ་པ་མང་བར་བསམ་བློ་བཏང་སྟེ། ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་ཁག་གཅིག་སྔོན་ལ་བཀོད་སྒྲིག་བྱས་ཏེ་སྔོན་ལ་ཕ་ཡུལ་དུ་ལོག་འདོད་པའི་འགྲུལ་པ་དག་གི་དགོས་མཁོ་བསྐང་ཡོད།
            ལྕགས་ལམ་ཅུས་ཧྲང་ཧའེ་ས་ཚིགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། “དུས་རྒྱུན་ཉིན་རེར་སི་ཁྲོན་དང་ཁྲུང་ཆིང་གི་འགྲུལ་པ་2000ནས་2500གཡས་གཡོན་བར་ཡོད། འོན་ཀྱང་ཉེ་ཆར་མི་གྲངས་5000བར་མང་དུ་ཕྱིན་འདུག”དེ་རིང་ཐོག་མར་བཏང་བའི་མེ་འཁོར་ཐེངས་K4663པར་ཧྲང་ཧའེ་ནས་ཐོན་པའི་འགྲུལ་པ་443དང་ཧྲང་ཀྲོའུ་དང་། དབྱི་ཝུའུ། ཅིན་ཧྭ་སོགས་བབས་ཚུགས་ནས་སྤ་སེ་ཉོས་པའི་འགྲུལ་པ་བསྣན་ན། མེ་འཁོར་གྱི་རྐུབ་སྟེགས་ཁེངས་ཚད་90%ཙམ་ཟིན་ཡོད། འགྲུལ་པ་མང་ཆེ་བ་ཧུའེ་ཧྭ་དང་། ཤིའུ་ཧྲན། ཁྲེང་ཏུའུ་སོགས་སུ་སྐྱོད་མཁན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།