འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲེ་ཅང་གིས་སྲིད་ཇུས་བཏོན་ནས་བྱ་གཞག་ཚན་པའི་ཚན་ཞིབ་མི་སྣ་ལས་བྲལ་ལས་གཏོད་དང་
    གསར་གཏོད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲེ་ཅང་ཞིང་ཨུད་རྩ་འཛུགས་པུའུ་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་《ཀྲེ་ཅང་གིས་བྱ་གཞག་ཚན་པའི་ཚན་ཞིབ་མི་སྣ་ལས་བྲལ་ལས་གཏོད་དང་གསར་གཏོད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བྱེད་ཐབས་(ཚོད་ལྟའི་ལག་ལེན)》བཏོན་ནས་བྱ་གཞག་ཚན་པའི་ཚན་ཞིབ་མི་སྣ་ལས་བྲལ་ལས་གཏོད་དང་གསར་གཏོད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་སྔར་བས་བྱས་ཏེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་བཏང་བ་རེད།
             《ལག་བསྟར་བྱེད་ཐབས་》ནང་། བྱ་གཞག་ཚན་པའི་ཚན་ཞིབ་མི་སྣར་གནས་ཡུལ་ཚན་པ་ནས་ལས་བྲལ་ལས་གཏོད་དང་གསར་གཏོད་བྱ་རྒྱུར་མོས་མཐུན་ཐོབ་རྗེས་མི་དོན་འབྲེལ་བ་གནས་ཡུན་སྤྱིར་བཏང་ལོ་5ལས་བརྒལ་མི་རུང་བ་དང་། གལ་སྲིད་དགོས་པ་ཡོད་ན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་ལས་བྲལ་གྱི་ལས་གཏོད་གསར་གཏོད་ཀྱི་གྲོས་མཐུན་ཐེངས་གཅིག་མུ་མཐུད་འཇོག་ཆོག་པ་དང་ལས་བྲལ་ལས་གཏོད་དང་གསར་གཏོད་བྱེད་ཐེངས་གཉིས་ཀྱི་དུས་ཡུན་ལོ་6ལས་བརྒལ་མི་རུང་ཞེས་ཁ་གསལ་འཁོད་ཡོད། བྱ་གཞག་ཚན་པས་ལས་བྲལ་ལས་གཏོད་དང་གསར་གཏོད་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཧུར་བརྩོན་ཆེ་རུ་གཏོང་ཆེད། 《ལག་བསྟར་བྱེད་ཐབས་》ནང་ལས་བྲལ་མི་སྣའི་བསྐོ་སྤྱོད་ལས་གནས་ཀྱིས་ཚན་པ་སྔོན་མའི་ཆེད་ལས་ལག་རྩལ་གྱི་ལས་གནས་གྲུབ་ཆའི་བསྡུར་ཚད་བཟུང་མི་རུང་། ལས་བྲལ་མི་སྣའི་ལས་གནས་སྟོང་པའི་ཐད་ལས་ཀའི་དགོས་མཁོ་ལྟར་རྩ་འཛུགས་མི་དོན་དོ་དམ་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་གནས་སའི་བྱ་གཞག་ཚན་པས་རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་མཁོ་གལ་ཆེ་བའི་རིམ་པ་མཐོ་གྲས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱས་ནས་སྤྱོད་ཆོག་ཅེས་ཁ་གསལ་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།