འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ལི་ཐང་གི་བོད་རིགས་ཞིང་འབྲོག་པའི་དུད་ཚང་དབུལ་པོ་70གཅིག་སྡུད་བཀོད་
    སྒྲིག་བྱ་ཡུལ་དུ་སྤོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ལི་ཐང་གི་བོད་རིགས་ཞིང་འབྲོག་པའི་དུད་ཚང་དབུལ་པོ་70གཅིག་སྡུད་བཀོད་
སྒྲིག་བྱ་ཡུལ་དུ་སྤོས་པ།
        མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་བརྒྱད་པར་ལི་ཐང་རྫོང་གིས་མ་དངུལ་སྒོར་ཁྲི་1981.29གྲབས་གསོག་བྱས་ནས་རྫོང་གྲོང་ཉེ་འགྲམ་ནས་རིན་མེད་ངང་ས་ཆ་མུའུ་300སྤྲད་དེ་གནས་སྤོས་ཡུལ་མི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཞིག་བསྐྲུན་པ་དང་། ཟླ་བ་བཞི་ཙམ་བྲེལ་འཚུབ་ངང་ཨར་ལས་བྱས་པ་བརྒྱུད་ཆུ་དང་། གློག འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བའི་བཀོད་སྒྲིག་ས་ཚིགས་བསྐྲུན་ཡོད།
       གནས་སྤོས་མི་སེར་གྱི་དངུལ་སྨར་ཡོང་འབབ་མང་དུ་གཏོང་ཆེད། ཡུལ་སྐོར་རྣམ་གྲངས་དེ་ཐོན་ལས་གཙོ་བོར་བྱས་ནས་འཕེལ་རྒྱས་བཏང་སྟེ་གྲོང་ཁུལ་དུ་སྣེ་ལེན་ཁང་དང་ལྷག་དོན་དུ་ལོ་ལྟར་གྱི་ཟླ་བ་དྲུག་པ་ནས་དགུ་པ་བར་ཡུལ་སྐོར་བ་མང་བའི་སྐབས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གུར་མང་པོ་ཕུབ་སྟེ་ཡུལ་སྐོར་བར་སྣེ་ལེན་བྱེད་པ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་བྱེད་སྒོ་སྤེལ་ཡུལ་གཉེན་སྒྲིག་རྟེན་འབྲེལ་བྱ་ཡུལ་དུ་བྱས་ཏེ་ཁང་གླ་འོས་འཚམ་བསྡུས་ནས་ཡོང་སྒོ་འཕར་ཐབས་བྱས་པ་མ་ཟད། དུད་ཚང་དབུལ་པོས་འགན་གཙང་བླངས་པའི་ཆེད་ལས་མཉམ་ལས་རྩ་འཛུགས་བཙུགས་ཏེ་མེ་ཏོག་དང་རྩི་ཤིང་འདེབས་པ་དང་། ལས་ཞུགས་ཀྱི་ཐབས་ལམ་ཡངས་སུ་བཏང་སྟེ་འབབ་འཕར་ཡོང་བ་བྱས་ཡོད། ཞིང་འབྲོག་པ་གནས་སྤོ་ཐུབ་པ་དང་ཕྱུག་པོ་ཆགས་པའི་གནད་དོན་ཐག་གཅོད་བྱས་ཏེ་ཞིང་འབྲོག་དུད་ཚང་དབུལ་སྒྲོལ་ཡོང་བར་འགན་ལེན་ཡོད་པ་དང་། ཕྱུག་པོ་ཆགས་པར་འདེགས་སྐྱོར་ཡོད་པ་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱས་པ་རེད།
    ༄༅།།སི་ཁྲོན་ལི་ཐང་གི་བོད་རིགས་ཞིང་འབྲོག་པའི་དུད་ཚང་དབུལ་པོ་70གཅིག་སྡུད་བཀོད་
སྒྲིག་བྱ་ཡུལ་དུ་སྤོས་པ།
      

    ཕྱོགས་བསྡུས་གསར་འགྱུར།