འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཤམ་བྷ་ལས་མཛེས་སྡུག་ལྡན་པའི་གཏམ་རྒྱུད་རྩོམ་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཤམ་བྷ་ལས་མཛེས་སྡུག་ལྡན་པའི་གཏམ་རྒྱུད་རྩོམ་བཞིན་པ།
         མི་དམངས་དྲ་བའི་འཕྲིན། “བྱ་ཐབས་དངོས”སྤྱད་པས་བོད་རིགས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ། 2017ལོའི་ཉི་འོད་དང་པོ་དེ་ས་བབ་མཐོ་ཚད་སྨི་3600ཟིན་པའི་སི་ཁྲོན་དཀར་མཛེས་ནགས་མང་སྐེད་གྲོང་ཚོར་འཕྲོས་ཤིང་། བོད་རིགས་མང་ཚོགས་ཚོ་བོད་བཟོའི་ཐོག་སོའི་མདུན་གྱི་སྒོ་རའི་ནང་ཞོགས་པའི་དྲོ་སོབ་སོབ་ཀྱི་ཉི་མ་བསྲོ་བཞིན་འདུག དེ་ནི་སྔོན་ཆད་ཤམ་བྷ་ལ་གྲོང་རྡལ་གྱི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་། 2016ལོར་མཇུག་མཐའི་མང་ཚོགས་དུད་ཚང་4དབུལ་སྒྲོལ་ཐུབ་པ་དང་བསྟུན་ནས་ནགས་མང་སྐེད་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
       2014ལོར་ནགས་མང་སྐེད་གྲོང་ཚོ་གྲོང་ཚོ་དབུལ་པོར་དབྱེ་འབྱེད་བྱས་རྗེས། གྲོང་རྡལ་གྱི་ལས་བྱེད་པ་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་སྐྱོད་སྐབས། དགུ་རོང་སྟོབས་ལྡན་གྱིས་ཡིད་ཆེས་དེ་ཙམ་ཆེན་པོ་བྱས་མེད་པ་རེད།
       “ཉལ་ཆས་དྲོ་པོ་ཡོད་མེད་དེ་གྱོན་ན་གཞི་ནས་ཤེས་ཐུབ”ཅེས་དགུ་རོང་སྟོབས་ལྡན་གྱིས་བོད་རིགས་ཀྱི་གཏམ་དཔེ་དྲངས་ནས་ཤམ་བྷ་ལ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཞའོ་ཐུང་ལ་བཤད་ནས་གནད་སྨིན་དབུལ་སྐྱོར་ཐད་ཡིད་ཆེས་དེ་ཙམ་ཆེན་པོ་བྱས་མེད་པ་རེད། བོད་རིགས་ཁྱིམ་ཚང་དབུལ་སྒྲོལ་ཐུབ་རྒྱུ་དང་གྲོང་ཚོ་ཕྱུག་འགྱུར་ཡོང་རྒྱུ་དེ་དགུ་རོང་སྟོབས་ལྡན་གྱི་ངོས་ནས་བརྗོད་ཚེ་འགྲུབ་པར་དཀའ་བའི་བྱ་བ་ཞིག་ཏུ་སྣང་།
       དགུ་རོང་སྟོབས་ལྡན་གྱིས། དེ་སྔོན་ཡང་དབུལ་སྐྱོར་གྱི་འཆར་གཞི་ཡོད་མོད། འོན་ཀྱང་ཕན་འབྲས་ཐོན་པ་མཐོང་མ་བྱུང་། གྲོང་ཚོར་བྱེད་སྒོ་ཁང་ཞིག་སྐྲུན་པར་རྫོང་ཨུད་ཀྱི་ཧྲུའུ་ཅི་གསུམ་བརྗེས་རྗེས་གཞི་ནས་ཐག་གཅོད་ཐུབ་སོང་ཞེས་བརྗོད་ཀྱི་འདུག
       2015ལོར་དགུ་རོང་སྟོབས་ལྡན་གྱི་ལྟ་ཚུལ་ལ་འགྱུར་ལྡོག་མཐར་ཕྱིན་བྱུང་ཞིང་། “བྱ་ཐབས་དངོས་སྤྱད་སོང་”ཞེས་དགུ་རོང་སྟོབས་ལྡན་གྱིས་བརྗོད་པ་དང་། ལོ་དེར་འདབ་པ་ཉི་བརྟེན་མཛེས་ལྗོངས་ཁུལ་དོ་དམ་ཅུས་དེ་ཉིད་ནགས་མང་སྐེད་གྲོང་ཚོའི་རོགས་སྐྱོར་ཚན་པར་གྱུར་བ་དང་། དོ་དམ་ཅུས་ཀྱི་ལས་བྱེད་པ་ཨ་ཆེན་གཡང་སྐྱིད་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོར་གྱུར་ཡོད་པ་རེད། རླངས་འཁོར་འཇོག་ས་དང་སྤྱི་པའི་གསང་སྤྱོད་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། གཡང་སའི་ཁུལ་དུ་འཚོ་སྡོད་བྱེད་མཁན་དུད་ཚང་དབུལ་པོ་3ཡང་རོགས་སྐྱོར་འཆར་གཞིའི་ནང་ཚུད་ཡོད་པ་རེད།
       ད་ཆ་གྲོང་ཚོའི་ནང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཞིང་། སྔོན་ཆད་ཁོར་ཡུག་ཧ་ཅང་བཙོག་པའི་གྲོང་ཚོ་ཆུང་ཆུང་དེ་བོད་བཟོའི་ཐོག་བརྩེགས་ཁང་པ་སྟར་པ་མང་པོ་བསྐྲུན་པའི་གྲོང་ཚོ་ཞིག་ཏུ་གྱུར་ནས། གངས་རི་དང་ནགས་ཚལ་ཁྲོད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་།
        “སྔོ་ལྗང་རི་བོ་ནི་རྒྱུ་ནོར་ཡིན་པའི”འདུ་ཤེས་གྲོང་མིའི་སེམས་ནང་བརྟན་པོར་ཟུག་པ།
       ནགས་མང་སྐེད་གྲོང་ཚོའི་གྲོང་མི་སྤྲང་གཡང་ཚེ་རིང་གི་བུ་མོའི་མག་པ་བསོད་ནམས་སྟོབས་ལྡན་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་རག་པ་བརྒྱུད། གྲོང་ཚོའི་ནང་གི་ནགས་སྲུང་བ་ཞིག་ཏུ་གྱུར་བ་རེད། 2016ལོའི་ཟླ་9པའི་ཆར་པ་ཆེན་པོ་བབས་པ་དང་། བསོད་ནམས་སྟོབས་ལྡན་གྱིས་ཆར་གོས་སེར་པོ་ཞིག་གྱོན་ནས་ནགས་ཁྲོད་དུ་བསྐྱོད། ནགས་ཁུལ་དུ་སྤྱི་ལེ་10ཙམ་བསྐྱོད་རྗེས་གློ་བུར་དུ་སྣུམ་སྒུལ་སོག་ལེའི་སྒྲ་ཐོས་པ་རེད། ཁོང་གིས་སྒྲ་གྲགས་སའི་ཕྱོགས་སུ་སྐྱོད་སྐབས་མི་ཞིག་གིས་ཤིང་གཅོད་བཞིན་ཡོད་པ་མཐོང་བ་རེད།
       “ཤིང་གཅོད་མི་ཆོག་ཅེས་ངས་སྐད་ཆེན་པོ་བརྒྱབ་པས་མི་དེ་ཚོ་ལམ་སེང་བྲོས་སོང”ཞེས་ཁོང་གིས་བཤད་པ་དང་། ཁོང་གིས་ད་དུང་སྔོ་ལྗང་རི་བོ་ནི་རྒྱུ་ནོར་ཡིན་པས་སྔོ་ལྗང་རི་བོ་སྲུང་སྐྱོང་བྱས་ཚེ་གཞི་ནས་རྒྱུ་ནོར་སྲུང་ཐུབ་ཅེས་ཤོད་ཀྱི་འདུག
       སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་གྲོང་མིའི་སེམས་ནང་བརྟན་པོར་ཟུག་ཅིང་། ད་ཐེངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་ནང་གྲོང་ཚོའི་ནང་རི་སྐྱེས་ཤ་མོ་སྐམ་པོ་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།
       ན་ནིང་སྤྲང་གཡང་ཚེ་རིང་གིས་མཉམ་ལས་ཁང་ལ་བེ་ཤ་རྒྱ་མ་308བཙོངས་པར། ཡོང་འབབ་སྒོར་ཁྲི་1.86རག་ཡོད་པ་དང་། མཉམ་ལས་ཁང་གིས་ཁེ་སྤོགས་བགོས་པ་བརྒྱུད་ཁོང་ལ། སླར་ཡང་ཡོང་འབབ་སྒོར་2400རག་པས། 2016ལོར་ཁོང་ཁྱིམ་གྱི་ནང་མི་དྲུག་དབུལ་སྒྲོལ་ཐུབ་ཡོད་པ་རེད།
       ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་མཉམ་ལས་ཁང་གི་བེ་ཤ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་78ཟིན་ཞིང་། རྣམ་གྲངས་དེ་ལས་གྲོང་མི་རེར་ཡོང་འབབ་ཆ་སྙོམས་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་ཡོད་པ་རེད།
       ཤམ་བྷ་ལ་གྲོང་རྡལ་དུ་གནད་སྨིན་དབྱེ་འབྱེད་བྱས་པའི་དུད་ཚང་དབུལ་པོ་82ཀྱི་མི་429ཡོད་པ་ནས། ད་ཆའི་དུད་ཚང་དབུལ་པོ་39ཡི་མི་གྲངས་186བར་ཉུང་དུ་ཕྱིན་ཡོད་པ་རེད། 2016ལོར་གྲོང་རྡལ་དེའི་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྔོན་དཔག་ལྟར་ན་སྒོར་9900ཟིན་ནས་2011ལོ་ལས་171%འཕར་རྒྱུ་ཡིན་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་145ལ་སྣེ་ལེན་ཞུས་ནས་2011ལོ་ལས་437%འཕར་ཡོད་པ་རེད།
       ལི་ཝུན་ཆོན་གྱིས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པས། ཤམ་བྷ་ལ་གྲོང་རྡལ་གྱིས་འདབ་པ་ཉིན་བརྟེན་གྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་རྩོམ་བཞིན་ཡོད་ཅེས་བརྗོད་ཀྱི་འདུག
    ༄༅།།ཤམ་བྷ་ལས་མཛེས་སྡུག་ལྡན་པའི་གཏམ་རྒྱུད་རྩོམ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།