འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་འཐེན་ཤུགས་རླབས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་བོད་
    ལྗོངས་མངའ་རིས་སུ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་འཐེན་ཤུགས་རླབས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་བོད་ལྗོངས་མངའ་རིས་ས་ཁུལ་དུ་སྐྲུན་འགོ་ཚུགས་པ་རེད། ལྟ་ཞིབ་ཚད་ལེན་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་སའི་གོ་ལའི་བྱང་ཕྱེད་མའི་ས་ངོས་ཀྱི་ཐོག་མའི་འཐེ་ཤུགས་རླབས་ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱེད་ཐུབ་རྒྱུ་དང་། རང་རྒྱལ་གྱི་ཐོག་མའི་འཐེན་ཤུགས་རླབས་ཀྱི་ཞིབ་འཇུག་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་དང་ཆབས་ཅིག་རང་རྒྱལ་གྱི་དྲོད་ཚད་དམའ་བའི་གློག་འགོག་མེད་པའི་འདྲེན་གཟུགས་ཧའོ་སྨི་ལས་ཆུང་བའི་རླབས་ཀྱི་འཚོལ་ཞིབ་ལག་རྩལ་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།
             རྣམ་གྲངས་དེ་ནི་རྒྱལ་ཁབ་ནུས་མཐོ་དངོས་ཁམས་སུའོ་ཡིས་སྣེ་འཁྲིད་པ་དང་། རྒྱལ་ཁབ་སྐར་གནམ་རིག་སྐར་རྩིས་ལས་ཁུངས་དང་། ཧྲང་ཧའེ་མ་ལག་ཆུང་ངུ་དང་ཆ་འཕྲིན་ལག་རྩལ་ཞིབ་འཇུག་སུའོ། རྒྱལ་ཁབ་གནམ་རིག་སྐར་རྩིས་ལས་ཁུངས་སེང་གེ་ཁ་འབབ་ལྟ་ཞིབ་ཚད་འཇལ་ས་ཚིགས། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ཚན་པས་མཉམ་དུ་བསྐྲུན་པ་ཞིག་ཡིན་པ་དང་། ཀྲུང་གོ་ཚན་རིག་ཁང་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན། ཚན་རྩལ་པུའུ་སོགས་སྡེ་ཚན་གྱི་མ་དངུལ་རྒྱབ་སྐྱོར་ཐོབ་ཡོད། མིག་སྔར་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.3གཏོང་རྒྱུའི་རེ་ཞུ་ཕུལ་ཟིན།
      

    ཕྱོགས་བསྡུས་གསར་འགྱུར།