འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ལོ་མོན་གླིང་ཚོམ་དུ་ས་ཡོམ་རིམ་པ་7.8བྱུང་བ་དང་ཀྲུང་གོའི་མཚོ་འགྲམ་ས་ཁུལ་
    དུ་གནོད་འཚེ་རང་བཞིན་གྱི་གནོད་པ་ཐེབས་མི་སྲིད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སོ་ལོ་མོན་གླིང་ཚོམ་དུ་ས་ཡོམ་རིམ་པ་7.8བྱུང་བ་དང་ཀྲུང་གོའི་མཚོ་འགྲམ་ས་ཁུལ་
དུ་གནོད་འཚེ་རང་བཞིན་གྱི་གནོད་པ་ཐེབས་མི་སྲིད་པ།
         མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་12ཚེས་9ཉིན་གྱི་ཆུ་ཚོད་1དང་སྐར་མ་38སྟེང་དུ་སོ་ལོ་མོན་གླིང་ཚོམ་(འཕྲེད་ཐིག་ལྷོ་མ་ཏུའུ་10.67དང་གཞུང་ཐིག་ཤར་མ་ཏུའུ་161.32)དུ་ས་ཡོམ་རིམ་པ་7.8བྱུང་བ་དང་ཡོམ་གནས་ཀྱི་གཏིང་ཚད་ལ་ཧ་ལམ་སྤྱི་ལེ་40ཡོད་པ་རེད། 
         གཞན་ཡང་རྒྱལ་ཁབ་རྒྱ་མཚོ་སྔོན་བརྡ་ལས་ཁུངས་ཀྱི་གཞུང་ཕྱོགས་པོད་ཕྲན་གྱི་གསར་འགྱུར་ལྟར་ན། 2016ལོའི་ཟླ་12ཚེས་9ཉིན་གྱི་ཆུ་ཚོད་1དང་སྐར་མ་38(པེ་ཅིང་གི་དུས་ཚོད་)ཀྱི་སྟེང་དུ་སོ་ལོ་མོན་གླིང་ཚོམ་(10.66°S,161.33°E)དུ་ས་ཡོམ་རིམ་པ་7.8བྱུང་བ་དང་ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་41.0(ས་ཡོམ་གྱི་རིམ་པ་བཟོ་བཅོས་བྱས་པ་)ཡོད་པ་རེད། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་མཚོ་འཁྱོམ་སྔོན་བརྡ་ལྟེ་གནས་(རྒྱལ་ཁབ་རྒྱ་མཚོ་སྔོན་བརྡ་ལས་ཁུངས་)ཀྱིས་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་འབྲས་གསར་ཤོས་ལ་གཞིགས་ན། ཐེངས་འདིའི་ས་ཡོམ་གྱིས་མཚོ་འཁྱོམ་བསླངས་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་མཚོ་འགྲམ་ས་ཁུལ་དུ་གནོད་འཚེའི་རང་བཞིན་གྱི་གནོད་པ་ཐེབས་མི་སྲིད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།