འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་
    ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོ་ནས་བཟུང་མཚོ་སྔོན་གྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་རྒྱུན་ཆད་མེད་པར་བྱས་ཤིང་། མིག་སྔའི་བར་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་ནང་དབུལ་སྐྱོར་བྱ་ཡུལ་མི་ཁྲི་52བཅུག་པ་དང་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་སྨན་རིན་རོགས་སྐྱོབ་བྱེད་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
          འདི་ལོ་ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་ཁྱོན་སྒོར་ཁྲི་40626གྲབས་གསོག་བྱས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པར་རོགས་རམ་བྱས་ནས་རོགས་སྐྱོབ་བྱ་ཡུལ་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཐུབ་པར་བྱས་པའི་རྨང་གཞིའི་ཐོག་སྒོ་བསྟེན་སྨན་བཅོས་དང་། སྨན་ཁང་དུ་བསྡད་ནས་སྨན་བཅོས། དེ་བཞིན་ནད་གཞི་ཆེ་རིགས་ལ་རོགས་སྐྱོབ་བཅས་ཀྱི་ལས་དོན་དུས་ཐོག་ཏུ་སྤེལ་ཡོད་པ་རེད། མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མཁན་མི་ཐེངས་117129ལ་རོགས་སྐྱོབ་བྱས་པ་དང་། ཁྱོན་རོགས་སྐྱོབ་སྨན་རིན་སྒོར་ཁྲི་22096བཏང་བ། ཆ་སྙོམས་བྱས་ན་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མཁན་མི་རེར་རོགས་སྐྱོབ་སྒོར་1886བྱས་པ། ནད་གཞི་ཆེ་རིགས་དང་ཚབས་ཆེ་རིགས་ཕོག་པའི་ནད་པ་མི་ཐེངས་355ལ་རོགས་སྐྱོབ་བྱས་པ་དང་། མ་དངུལ་སྒོར་ཁྲི་787བཏང་བ། ཆ་སྙོམས་མི་རེར་རོགས་སྐྱོབ་དངུལ་སྒོར་ཁྲི་2.35བཏང་བ་བཅས་ཀྱི་ཐོག་ནས་དཀལ་ངལ་ཡོད་པའི་མང་ཚོགས་ལ་གཞི་རྩའི་སྨན་བཅོས་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད། གཙོ་གནད་རོགས་སྐྱོབ་བྱ་ཡུལ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་སྐབས་ཚད་འགག་མེད་པ་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་སྨན་རིན་ཐད་ཀྱི་རོགས་སྐྱོབ་བྱེད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་ཅིང་། དེའི་ནང་དམིགས་བསལ་གྱི་དཀའ་ངལ་ཡོད་པར་རོགས་སྐྱོབ་100%བྱེད་པ་དང་དེ་མིན་ལ་རོགས་སྐྱོབ་80%བྱེད་ཀྱི་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་རྗེས་སྲིད་ཇུས་ཁྱབ་ཁོངས་ནང་སྨན་རིན་དེ་གཞི་རྩའི་སྨན་བཅོས་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་བརྒྱུད་སྲིད་གཞུང་གིས་ཁ་གསབ་བྱེད་ཚད་94%ནས་100%བར་ཟིན་ནས་མང་ཚོགས་ལ་གཞི་རྩའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་བྱ་ཡུལ་ཁྲི་52ཚང་མ་སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།