འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་ལས་དང་། བྲོས་བྱོལ་རྗེས་སྙེག་དང་བརྐུས་
    དངུལ་ལེན་པར་ཕན་འབྲས་ཐོབ་ཅིང་། “གནམ་རྙིས་”ད་ལོར་མི་
    908བཟུང་འཐེན་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་རུལ་སུངས་ལ་རྒོལ་བའི་ཉིན་བཅུ་གསུམ་པ་སླེབས་ཉེར། གསར་འགོད་པས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རྒྱལ་སྤྱིའི་མཉམ་ལས་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། 2016ལོའི་རང་རྒྱལ་གྱི་རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་འབྲེལ་དང་བྲོས་བྱོལ་རྗེས་སྙེག་དང་བརྐུས་དངུལ་ལེན་པར་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་རེད། 
         བྲོས་བྱོལ་རྗེས་སྙེག་དང་བརྐུས་དངུལ་ལེན་པའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། ད་ལོའི་“གནམ་འཐེན་དྲ་རྙི་”དེ་ཟླ་11པའི་བར་དུ་བསྡོམས་པས་རྒྱལ་ཁབ་དང་ས་གནས་70ལྷག་ནས་མི་908འཛིན་བཟུང་བྱས་འདུག དེ་ཚོའི་ཁྲོད་དུ་ཕྱི་རྒྱལ་ལ་བྲོས་བྱོལ་ཕྱིན་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་122འདུས་ཡོད་ལ་ཁྲིམས་འགལ་གྱི་དངུལ་སྒོར་དུང་ཕྱུར་23.12ཕྱིར་བླངས་ཡོད། “འཛིན་བཟུང་བཀའ་རྒྱ་དམར་པོའི་ཁོངས་མི་བརྒྱ་”ལས་10བཟུང་ཡོད། 2014ལོའི་ཟླ་1པོ་ནས་2016ལོའི་ཟླ་11པའི་བར་ཁྱོན་བསྡོམས་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་མི་2442འཛིན་བཟུང་བྱས་ཤིང་། དེའི་ཁྲོད་དུ་ཏང་མི་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་397འདུས་ཡོད་ལ་ཁྲིམས་འགལ་གྱི་དངུས་སྒོར་དུང་ཕྱུར་85.42ཕྱིར་བླངས་པ། “འཛིན་བཟུང་བཀའ་རྒྱ་དམར་པོའི་ཁོངས་མི་བརྒྱ་”ལས་37བཟུང་ཡོད། ཕྱི་རྒྱལ་དུ་བྲོས་བྱོལ་བྱེད་མི་སྔར་ལས་ཇེ་ཉུང་དུ་སོང་བ་རེད། 
         ཕྱོགས་གཉིས་ཀྱི་སྤེལ་རེས་ལ་སྔར་ལས་ཤུགས་སྣོན་བརྒྱབ་པ། 2016ལོར་རང་རྒྱལ་གྱི་འཐུས་མི་ཚོགས་པ་32རྒྱལ་ཁབ་དང་ས་གནས་43དུ་འཚམས་འདྲི་བྱེད་པར་བསྐྱོད་པ་དང་། ཕྱི་རྒྱལ་གྱི་འཐུས་མི་ཚོགས་པ་35དང་རྒྱལ་སྤྱིའི་རྩ་འཛུགས་4རང་རྒྱལ་དུ་འཚམས་འདྲིར་ཕེབས་པར་སྣེ་ལེན་བྱས་ཤིང་། དེའི་རིང་ལ་ཕྱོགས་གཉིས་ཀྱི་རུལ་སུངས་ལ་རྒོལ་བའི་མཉམ་ལས་དགོངས་དྭངས་བརྗེད་ཐོ་6ལ་མིང་རྟགས་བཀོད་པའམ་མུ་འགོད་བྱས་པ། རྒྱལ་ཁབ་54དང་རྒྱལ་སྤྱིའི་རྩ་འཛུགས་1འཚམས་འདྲིར་ཕེབས་པར་ཀྲུང་གོའི་རུལ་སུངས་ལ་རྒོལ་བའི་ལས་དོན་མཚམས་སྦྱོར་ཐེངས་13བྱས་པ།  ཕྱོགས་མང་པོའི་མཉམ་འབྲེལ་ལ་གྲུབ་འབྲས་མང་པོ་ཐོབ་པ། ལོ་ཧྲིལ་པོར་རྒྱལ་སྤྱིའི་ཚོགས་འདུ་8འཚོགས་པ་དང་རྒྱལ་སྤྱིའི་ཚོགས་འདུ་ཁག་13ལ་ཞུགས་པ། གྲུབ་འབྲས་གལ་ཆེན་3རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ཁྲོད་དུ་གྲོས་འཆམ་བྱུང་བ་མ་ཟད་《རྒྱལ་ཁབ་ཉི་ཤུའི་ཧང་ཀྲོའུ་དབུ་ཚོགས་ཀྱི་སྤྱི་བསྒྲགས་》ནང་དུ་བཀོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།