འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་གྲུ་ཨང་བཅུ་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པ་གསོ་རིག་གི་ལོགས་སུ་འཇོག་
    མཚམས་བཞག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་གྲུ་ཨང་བཅུ་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པ་གསོ་རིག་གི་ལོགས་སུ་འཇོག་
མཚམས་བཞག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་གྱི་སྔ་དྲོ་པེ་ཅིང་འཇིག་རྟེན་འཕུར་སྐྱོད་གྲོང་ཁྱེར་འཇིག་རྟེན་འཕུར་སྐྱོད་པའི་སྤྱི་ཤག་ཏུ་གསོ་རིག་གི་ལོགས་སུ་བཞག་པའི་ལྷ་གྲུ་ཨང་བཅུ་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་ཁྲེན་ཏུང་གིས་ཉིན་33གྱི་མཁའ་དབྱིངས་འཕུར་སྐྱོད་མཇུག་འགྲིལ་རྗེས་གསར་འགོད་པ་དང་ངོ་འཕྲད་ཐེངས་དང་པོ་བྱས་པ་དང་ཁོང་གཉིས་ཀྱི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་རེད།
         མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱི་འཇིག་རྟེན་འཕུར་སྐྱོད་པའི་ཁོངས་གཏོགས་ཀྱི་སྤྱི་ཁྱབ་ཇུས་འགོད་པ་གཞོན་པ་ཧོང་ཝུའེ་ཧྥེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཇིག་རྟེན་འཕུར་སྐྱོད་པ་2ཟླ་11ཚེས་18ཉིན་པེ་ཅིང་དུ་ཕྱིར་ལོག་བྱས་རྗེས་གཟའ་འཁོར་གསུམ་གྱི་ལོགས་འཇོག་བདེ་ཐང་སླར་གསོ་བྱས་ཡོད། མིག་སྔར་གཟུགས་པོའི་ཐེག་ཤུགས་འཕེལ་རིམ་དང་འཚམས་པ་དང་སྐྱེ་ཁམས་ཀྱི་དམིགས་ཚད་སླར་གསོ་བྱུང་ཚུལ་དེ་སྔོན་དཔག་གི་དམིགས་ཚད་དང་མཐུན་ཡོད།
         ལོགས་འཇོག་བདེ་ཐང་སླར་གསོ་བྱེད་རིང་འཇིག་རྟེན་འཕུར་སྐྱོད་པ་ལྟེ་གནས་ཀྱིས་གཟུགས་པོ་འཕུར་མཉེད་དང་། གློག་ལུམས་འཕྲོད་སྦྱོར། ལུམས་རྒྱག་པ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ལེགས་སྒྲིག་བྱེད་ཐབས། ལུས་སྦྱོང་བྱེད་པ། རྒྱུག་ཤར་གློད་པ་སོགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྨན་བཅོས་ལྟ་སྐུལ་དང་སྨན་བཅོས་འགན་ལེན་གྱི་བྱ་ཐབས་སྤྱད་པ་རེད། འཇིག་རྟེན་འཕུར་སྐྱོད་པའི་ལུས་ཁམས་སླར་གསོའི་གནས་ཚུལ་ལས་མངོན་པར་གཞིགས་ན། བྱ་ཐབས་དེ་དག་ཚན་རིག་དང་མཐུན་ལ་ནུས་ལྡན་ཡིན་པ་རེད།
         ཧོང་ཝུའེ་ཧྥེན་གྱིས་ལོགས་འཇོག་བདེ་ཐང་སླར་གསོ་བྱེད་པ་དང་ཆབས་ཅིག་འཇིག་རྟེན་འཕུར་སྐྱོད་པ་2ད་དུང་ལས་འགན་ཕྱོགས་སྡོམ་དང་། འཁོར་ལམ་ཚོད་ལྟ་དང་ཚོད་ལྟའི་གྲངས་གཞི་བསྡུ་ལེན་སོགས་ཀྱི་བྱ་བར་ཞུགས་ཡོད་ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། གཟའ་འཁོར་འདིའི་གཟའ་པ་སངས་ཉིན་ལོགས་འཇོག་བདེ་ཐང་སླར་གསོ་བྱེད་མཇུག་འགྲིལ་རྗེས་འཇིག་རྟེན་འཕུར་སྐྱོད་པ་2ལ་དུས་ཡུན་ཟླ་བ་གཅིག་རིང་ལུས་གསོ་བྱས་ནས་ལུས་ཁམས་ཁྱོན་ཡོངས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།