འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་གཉིས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་དབར“འབྲེལ་
    བ་དམ་ཟབ”རྒྱུན་འཁྱོངས་བྱེད་དགོས་པར་ངོས་འཛིན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་གཉིས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་དབར“འབྲེལ་
བ་དམ་ཟབ”རྒྱུན་འཁྱོངས་བྱེད་དགོས་པར་ངོས་འཛིན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གྱི་དགོང་མོ་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧང་ལི·ཅི་ཤིན་ཀོ་དང་མ་ཏེ་ལིན·ཨོའར་པུའུ་ལའེ་ཐེ་གཉིས་ཉིའུ་གཡོད་དུ“གཙོ་འཛིན་གྱི་གཏམ་གླེང་དང་རྒྱལ་དོན་བློན་ཆེན་གྱི་གླེང་སྟེགས”ཞེས་པའི་བྱེད་སྒོར་ཞུགས་སྐབས་ཨ་རིའི་འཕེལ་རྒྱས་དེ“དམ་ཟབ”ཀྱི་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁ་འབྲལ་ཐབས་མེད་པ་དང་འབྲེལ་མ་འོངས་པར་ཐེ་རོན་ཕུ་ཕོ་བྲང་དཀར་པོའི་ནང་བསྡད་རྗེས་ཀྱི་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         ཅི་ཤིན་ཀོ་ཡིས་ཨ་རི་དང་ཀྲུང་གོ་གཉིས་ཀྱིས་ངེས་པར་དུ“དམ་ཟབ”ཀྱི་ཕྱི་འབྲེལ་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་དེ་ལྟ་བུ་མངོན་འགྱུར་ཡོང་མིན་ནི་འཛམ་གླིང་ལ་ཞི་བདེ་འཕེལ་རྒྱས་མངོན་འགྱུར་ཡོང་མིན་དང་འབྲེལ་བ་དམ་ཟབ་ཡོད། ལོ་20ཡི་རྗེས་ཀྱི་མ་འོངས་པར་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་དབར་གསར་གཏོད་རང་བཞིན་གྱི་མཉམ་ལས་འབྲེལ་བ་མངོན་འགྱུར་ཡོང་བར་རྟེན་འབྲེལ་ཞུ་རྒྱུ་རེད་ཅེས་བཤད།
         ཨོའར་པུའུ་ལའེ་ཐེ་ཡིས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་རིམ་པའི་སྤེལ་རེས་བརྒྱུད་རྒྱལ་ཁབ་གཉིས་པོས་སྐད་ཆ་ཡག་པོ་ཤོད་རེས་ཀྱི་བྱུང་ཆུབ་པའི་མ་དཔེ་སྒྲུབ་ཡོད། མ་དཔེ་དེ་ཡང་མུ་མཐུད་རྒྱུན་འཁྱོངས་བྱེད་པའི་དགོས་མཁོ་ཡོད། སྐབས་རྗེའི་རྗེས་ཀྱི་ཐེ་རོན་ཕུ་སྲིད་གཞུང་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གལ་ཆེའི་རང་བཞིན་ལ་ངེས་པར་དུ་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས་ཞེས་བཤད།
         མ་འོངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་སྐོར་གླེང་སྐབས་ཨོའར་པུའུ་ལའེ་ཐེ་ཡིས་དེང་སྐབས་རྒྱལ་ཁབ་གཉིས་པོའི་རིག་གནས་སློབ་གསོའི་ཐད་ཀྱི་མཉམ་ལས་དེ་བས་བྱེད་མང་དུ་འགྲོ་བཞིན་ཡོད་པས་མ་འོངས་པར་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལོ་རྒྱུས་དང་རིག་གནས་ལ་ཤེས་རྟོགས་དེ་བས་ཟབ་པ་བྱེད་པ་དང་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་ཐོག་མཉམ་ལས་བྱེད་པ་ལས་འགྲན་རྩོད་ཀྱི་འབྲེལ་བ་མ་ཡིན་ཞེས་བཤད།
         ཅི་ཤིན་ཀོ་དང་ཨོའར་པུའུ་ལའེ་ཐེ་གཉིས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་ཐད་སྐད་ཆ་ཤོད་རེས་བྱེད་པ་སོགས་ཐད་ཀྱི་མཉམ་ལས་ལ་ཁས་ལེན་བྱས་པ་རེད།
         1966ལོར་ཨ་རིའི་ཉིའུ་གཡོད་དུ་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཙུགས་པ་ནི་དང་ཐོག་ཨ་རིར་དེང་སྐབས་ཀྲུང་གོ་ངོ་སྤྲོད་དང་དེང་སྐབས་ཀྲུང་གོའི་སྒྲིག་གཞིར་གྲོས་བསྡུར་དང་ཞིབ་འཇུག་བྱས་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་གཙོ་བོ་གཞོལ་རྒྱུ་དེ་རེད། “གཙོ་འཛིན་གྱི་གཏམ་གླེང་དང་རྒྱལ་དོན་བློན་ཆེན་གྱི་གླེང་སྟེགས”དེ་སྒྲིག་གཞི་དེ་བཙུགས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པའི་ཆ་ཤས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།