འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།《ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་ལས་དོན་ལ་སྔར་བས་ཤུགས་སྣོན་
    རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 08:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་དང་འབྲེལ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུའི་བརྡ་ཐོའང་བཏང་བ་རེད།
         ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་དང་ཁ་གཏད་རོགས་སྐྱོར་ནི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། མཉམ་སྡེབ་འཕེལ་རྒྱས། མཉམ་དུ་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཆེ་མོ་དང་། ས་ཁོངས་གཞོགས་འདེགས་་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་བཀོད་སྒྲིག་ལེགས་གཏོང་། ནང་ཁོངས་དང་ཕྱི་ཕྱོགས་ཀྱི་སྒོ་དབྱེའི་བར་ཁྱམས་གསར་པ་རྒྱ་སྐྱེད་གཏོང་བའི་བཀོད་སྒྲིག་ཆེ་མོ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་སྣེ་ཁྲིད་བྱེད་པ། མཐར་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་བྱ་ཐབས་ཆེ་མོ་བཅས་རེད།
         ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་ཀྱི་ཆ་སྒྲིག་འབྲེལ་བ་བཅོས་སྒྲིག་བྱེད་དགོས་ཤིང་། སྔར་ཡོད་ཀྱི་ཆ་སྒྲིག་འབྲེལ་བར་བཅོས་སྒྲིག་འོས་འཚམ་བྱས་ནས་ཞིང་ཆེན་དབར་གྱི་ཆ་སྒྲིག་འབྲེལ་བ་ལེགས་སུ་གཏོང་བ་དང་དུས་མཚུངས་མི་རིགས་རང་སྐྱོང་ཀྲོའུ་དང་ནུབ་རྒྱུད་ཀྱི་དབུལ་པོའི་ཚད་གཞི་མཐོ་བའི་གྲོང་ཁྱེར་དང་ཀྲོའུ་ཚང་མར་ཁྱབ་པ་བྱེད་པ་དང་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་དབར་གྱི་དབུལ་སྐྱོར་མཉམ་ལས་ལས་འགན་དོན་འཁྱོལ་བྱེད་དགོས།
         ཁ་གཏད་རོགས་སྐྱོར་གཏིང་ཟབ་བྱེད་དགོས་ཤིང་། བོད་ལྗོངས་དང་། ཤིན་ཅང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་བཅས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ད་ཡོད་ཀྱི་ལམ་སྲོལ་འོག་གཞི་རིམ་ལ་གཟིགས་སྐྱོང་དང་། དམངས་འཚོར་གཟིགས་སྐྱོང་། ཞིང་འབྲོག་པར་གཟིགས་སྐྱོང་བཅས་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྔར་བས་དམིགས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་གནད་སྨིན་ཤུགས་འདོན་ཡང་དག་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་དངོས་ཐོན་པ་བྱེད་དགོས། པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་གྱི་དབུལ་སྐྱོར་གཞོགས་འདེགས་ལས་དོན་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཁྲོད་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་གཉིས་ཀྱི་ཁ་གཏད་རོགས་སྐྱོར་ཡིན་པའི་ཀྲང་ཆ་ཁུའོ་དང་ཁྲེང་ཏེ་སོགས་པེ་ཅིང་དང་ཐེན་ཅིན་མཐའ་འཁོར་གྱི་འབྲེལ་ཡོད་ས་ཁུལ་དང་འབྲེལ་མཐུད་ཡག་པོ་བྱེད་དགོས།
         ཐོན་ལས་མཉམ་ལས་བྱེད་དགོས་ཤིང་། རོགས་སྐྱོར་བྱེད་མཁན་དང་ཐོབ་མཁན་ཕྱོགས་གཉིས་ཀྱིས་ཤར་ནུབ་རྒྱུད་ཀྱི་ཐོན་ལས་མཉམ་ལས་དང་ལེགས་ཆ་གསབ་རེས་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་སྒྱུར་བཅོས་གཏིང་ཟབ་གཏོང་བའི་སློབ་གཞི་གསར་པར་བརྩིས་ཏེ་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱེད་པ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཐོན་ཁུངས་ཀྱི་རང་སྤུས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ་ཁེ་ལས་ཀྱིས་ས་ཁུལ་དབུལ་པོར་མ་འཇོག་བྱེད་པའི་ཧུར་སེམས་འཕེལ་བ་བྱས་ནས་མི་འབོར་དབུལ་པོ་ཞུགས་ཚད་མང་བའི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དུད་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ། ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་ཐུབ་པའི་ངལ་ནུས་མང་འདུས་ཅན་གྱི་ཁེ་ལས་དང་རིག་གནས་ཡུལ་སྐོར་ཁེ་ལས་ཁག་གཅིག་ནང་འདྲེན་བྱེད་པ་སོགས་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་དང་འབྲེལ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུའི་བརྡ་ཐོའང་བཏང་བ་རེད།
         ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་དང་ཁ་གཏད་རོགས་སྐྱོར་ནི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། མཉམ་སྡེབ་འཕེལ་རྒྱས། མཉམ་དུ་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཆེ་མོ་དང་། ས་ཁོངས་གཞོགས་འདེགས་་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་བཀོད་སྒྲིག་ལེགས་གཏོང་། ནང་ཁོངས་དང་ཕྱི་ཕྱོགས་ཀྱི་སྒོ་དབྱེའི་བར་ཁྱམས་གསར་པ་རྒྱ་སྐྱེད་གཏོང་བའི་བཀོད་སྒྲིག་ཆེ་མོ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་སྣེ་ཁྲིད་བྱེད་པ། མཐར་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་བྱ་ཐབས་ཆེ་མོ་བཅས་རེད།
         ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་གཞོགས་འདེགས་ཀྱི་ཆ་སྒྲིག་འབྲེལ་བ་བཅོས་སྒྲིག་བྱེད་དགོས་ཤིང་། སྔར་ཡོད་ཀྱི་ཆ་སྒྲིག་འབྲེལ་བར་བཅོས་སྒྲིག་འོས་འཚམ་བྱས་ནས་ཞིང་ཆེན་དབར་གྱི་ཆ་སྒྲིག་འབྲེལ་བ་ལེགས་སུ་གཏོང་བ་དང་དུས་མཚུངས་མི་རིགས་རང་སྐྱོང་ཀྲོའུ་དང་ནུབ་རྒྱུད་ཀྱི་དབུལ་པོའི་ཚད་གཞི་མཐོ་བའི་གྲོང་ཁྱེར་དང་ཀྲོའུ་ཚང་མར་ཁྱབ་པ་བྱེད་པ་དང་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་དབར་གྱི་དབུལ་སྐྱོར་མཉམ་ལས་ལས་འགན་དོན་འཁྱོལ་བྱེད་དགོས།
         ཁ་གཏད་རོགས་སྐྱོར་གཏིང་ཟབ་བྱེད་དགོས་ཤིང་། བོད་ལྗོངས་དང་། ཤིན་ཅང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་བཅས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ད་ཡོད་ཀྱི་ལམ་སྲོལ་འོག་གཞི་རིམ་ལ་གཟིགས་སྐྱོང་དང་། དམངས་འཚོར་གཟིགས་སྐྱོང་། ཞིང་འབྲོག་པར་གཟིགས་སྐྱོང་བཅས་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྔར་བས་དམིགས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་གནད་སྨིན་ཤུགས་འདོན་ཡང་དག་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་དངོས་ཐོན་པ་བྱེད་དགོས། པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་གྱི་དབུལ་སྐྱོར་གཞོགས་འདེགས་ལས་དོན་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཁྲོད་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་གཉིས་ཀྱི་ཁ་གཏད་རོགས་སྐྱོར་ཡིན་པའི་ཀྲང་ཆ་ཁུའོ་དང་ཁྲེང་ཏེ་སོགས་པེ་ཅིང་དང་ཐེན་ཅིན་མཐའ་འཁོར་གྱི་འབྲེལ་ཡོད་ས་ཁུལ་དང་འབྲེལ་མཐུད་ཡག་པོ་བྱེད་དགོས།
         ཐོན་ལས་མཉམ་ལས་བྱེད་དགོས་ཤིང་། རོགས་སྐྱོར་བྱེད་མཁན་དང་ཐོབ་མཁན་ཕྱོགས་གཉིས་ཀྱིས་ཤར་ནུབ་རྒྱུད་ཀྱི་ཐོན་ལས་མཉམ་ལས་དང་ལེགས་ཆ་གསབ་རེས་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་སྒྱུར་བཅོས་གཏིང་ཟབ་གཏོང་བའི་སློབ་གཞི་གསར་པར་བརྩིས་ཏེ་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་བྱེད་པ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཐོན་ཁུངས་ཀྱི་རང་སྤུས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ་ཁེ་ལས་ཀྱིས་ས་ཁུལ་དབུལ་པོར་མ་འཇོག་བྱེད་པའི་ཧུར་སེམས་འཕེལ་བ་བྱས་ནས་མི་འབོར་དབུལ་པོ་ཞུགས་ཚད་མང་བའི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དུད་ཚང་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ། ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་ཐུབ་པའི་ངལ་ནུས་མང་འདུས་ཅན་གྱི་ཁེ་ལས་དང་རིག་གནས་ཡུལ་སྐོར་ཁེ་ལས་ཁག་གཅིག་ནང་འདྲེན་བྱེད་པ་སོགས་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།