འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།A4རིམ་པའི་མཛེས་ལྗོངས་ཁུལ་55ཡི་སྒོ་བྱང་མེད་པར་བཟོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་སྐུལ་འདེད་དང་མཛུབ་ཁྲིད་འོག་འདི་ལོའི་ལོ་སྨད་དུ་ས་ཁུལ་ཁག་གི་ཡུལ་སྐོར་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་Aབཞི་རིམ་པ་དང་དེ་བཞིན་དེ་མན་ཆད་ཀྱི་མཛེས་ལྗོངས་ཁུལ་དུ་གཅིག་སྡུད་ཐོག་ཞིབ་བཤེར་བྱས་ནས་མཛེས་ལྗོངས་ཁུལ་ལ་བཅོས་སྒྲིག་ནན་ཤོས་ཤིག་བྱེད་འགོ་ཚུགས་པ་རེད།
            ཟླ་12ཚེས་5ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འདི་ལོའི་ཟླ་བཅུ་པར་ཧོ་པེ་དང་། ཅི་ལིན། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་ལྔའི་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་བཅུ་ཡི་ཐོབ་ཐང་སྔོན་དུ་མེད་པར་བཟོས་རྗེས། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གིས་ས་གནས་དེ་གའི་Aབཞི་རིམ་པ་དང་དེ་མན་ཆད་ཀྱི་མཛེས་ལྗོངས་ཁུལ་ལ་ཞིབ་བཤེར་བྱས་པས། Aབཞི་རིམ་པ་དང་དེ་མན་ཆད་ཀྱི་མཛེས་ལྗོངས་ཁུལ་367ལ་ཚད་གཞི་མི་འདྲ་བའི་ཐག་གཅོད་བྱས་པའི་ནང་། A4རིམ་པའི་མཛེས་ལྗོངས་ཁུལ་55ཚུད་པའི་Aརིམ་པའི་མཛེས་ལྗོངས་ཁུལ་107གྱི་སྒོ་བྱང་མེད་པར་བཟོས་པའི་བརྡ་ཁྱབ་བཏང་བ་རེད།
           རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གསར་དུ་བཟོ་བཅོས་བྱས་པའི་《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱ་ཐབས་》དང་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་འདོན་རྩིས་ཡོད་ལ། རྒྱལ་ཡོངས་མཛེས་ལྗོངས་ཁུལ་གྱི་ལྟ་སྐུལ་དོ་དམ་ལས་དོན་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།