འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པ། 

    ད་བར་མི་སྣ་དང་ཕྱུགས་རིགས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 08:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གྱི་ཆུ་ཚོད་5དང་སྐར་མ་34ཡི་ཐོག་བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་5ཙམ་ཟིན་ཡོད་པ་རེད། གསར་འགོད་པས་ནག་ཆུ་ས་ཁུལ་འཕྲལ་སྡོམ་གཞུང་དོན་ཁང་དང་སྙན་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། མིག་སྔར་ས་ཆ་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་གཏན་ལྟར་ཡོད་པ་དང་ད་བར་མི་སྣ་དང་ཕྱུགས་རིགས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།
         བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་དགྲ་འདུལ་གྱིས་ཁ་པར་ནང་གསར་འགོད་པར་ས་ཡོམ་རྒྱག་སྐབས་རྫོང་གྲོང་དུ་ཡོམ་ཚོར་ཕྲན་བུ་བྱུང་མོད། འོན་ཀྱང་སྐར་ཆ་ཁ་ཤས་ཙམ་རྒྱག་པ་ལས་ཁང་པ་ལོག་པ་དང་དངོས་རྫས་ཟགས་པའི་གནས་ཚུལ་ཐོན་མེད། མིག་སྔར་རྫོང་ཡོངས་སུ་གྲལ་བཤེར་རགས་ཙམ་བྱས་པར་གནས་སྐབས་ཁང་པ་རྡིབ་པ་དང་དེ་བཞིན་མི་སྣ་དང་ཕྱུགས་རིགས་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མ་བྱུང་ཞེས་བཤད།
         ནག་ཆུ་ས་ཁུལ་འཕྲལ་སྡོམ་གཞུང་དོན་ཁང་གི་ལས་དོན་མི་སྣས་གསར་འགོད་པར་ས་ཆ་དེ་གས་ལས་དོན་ཚོགས་ཆུང་སྙན་རོང་རྫོང་དང་དེ་བཞིན་ཨ་མདོ་རྫོང་དུ་གནོད་འཚེའི་གནས་ཚུལ་སྔར་བས་ཞིབ་དཔྱད་བྱེད་པར་བཏང་བ་དང་དུས་མཚུངས། རང་བྱུང་གནོད་འཚེའི་འཕྲལ་སྡོམ་དོགས་ཟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་གནོད་འཚེའི་འཕྲལ་སྡོམ་ནང་སྦྱོང་བྱས་ཐོག མང་ཚོགས་ཀྱི་ཡོམ་འགོག་གེགས་སེལ་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།
         ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་2016ལོའི་ཟླ་12ཚེས་5ཉིན་གྱི་ཆུ་ཚོད་5དང་སྐར་མ་34ཡི་ཐོག་བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་5ཙམ་ཟིན་ཞིང་། ཡོམ་ལྟེ་གནས་ཡུལ་སྙན་རོང་རྫོང་གྲོང་ནས་བར་ཐག་སྤྱི་ལེ་25ཙམ་དང་། ནག་ཆུ་རྫོང་ནས་བར་ཐག་སྤྱི་ལེ་100ཙམ། ལྷ་ས་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་315ཙམ་བཅས་ཀྱི་སར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།